e-texts navigator
Collection
Volume
Page
Wylie

81b1 བསྲེག། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ན་ཧཱུཾ། ཙ་པ་ལ་ཨ་བུག་མེ་མེ་ཁ་མུ་ཏྲ་བ་ཏཱ་བ་ཏྲ་ག་རག་ཤ་ཨ་མུ་ཀ་སེ་ཨུ་ཙ་ཏ་ཡ་ཨ་གང་ཛ་ཡ་ཧཱུཾ་ཕཊ།། ཡུལ་ནས་དབྱུ་ངས་ཞིང་འཁྱམ་པར་འགྱུར།། ཕཊ་ཙ་པ
81b2 ལ་ཨ་ཤུ་ག་མེ། སྒྲ་ར་ན་ཡཾ་ཕཊ་ཕཊ་ཆེ་གེ་མོ་སྐད་ཅིག་བསྐྲད་པའོ།། དབྱེ་བའི་ལས་སུ་བསྟན་པ་ནི།། རྟ་ག་ཡག་བྱ་རོག་འུག་ཤཾ། བ་ཙན་དུག་སྐྱེ་ཆེ་སྤྱང་གི་ཚིལ།། མཛའ་བོ་གཉིས་ཀྱི་མིང་དང
81b3 བཅས།། ཚེར་མེའི་ཤིང་ལ་མེ་བུ་ས་ལ།། འབུམ་ཚོགསུཾ་དུ་ཟླས་པ་བྱ།། སྲོག་གི་སྙིང་པོ་ཐ་མར་ནཱི།། ཏྲག་ཏྲག་རགྲ་རུ་ཏྲ་མ་ར་ཡ་ཧཱུཾ་ཕཊ་གཱཙྪ་པོཊ་ཞེས་ནི་བཟླས་པ་བྱ།། ཐེ་ཙོམ་མེད་པར་དབྱ་བར
81b4 ནུས།། བུད་མེད་དགུག་པའི་སྦྱོར་བ་ནི།། ལན་ཚྭ་རྒྱ་སྐྱེག་རྔོ་མིལ་དང་།། ཅུང་ཟི་བུ་རཾ་ཉ་ཤཾ་དང་།། སྦྲང་རྩི་མང་ལ་ཁྲིག་ཁུ་བ་དང་།། གང་ཡ་བྱ་བའི་མིང་དང་སྐྲ།། རིལ་བུ་བརྒྱ་རྩ་བརྒྱད་བྱས་ལ།། ཡང་སྡེང
81b5 མེ་ལ་སྲེག་པར་བྱ།། དུ་བ་བྱུང་ན་འདོད་ཆགས་ལ་ངས།། མེ་ལྕེ་འབར་བས་ཁུག་པར་བྱེད།། སྔགས་འདི་མཁའ་འགྲོའི་སྙིང་པོས་བྱ།། ཐ་མར་བུད་མེད་འོང་ཁུག་གདགས།། དེས་ནི་ཐེ་ཚོམ་མེད་པར
81b6 འགུགས།། ལྐུགས་པར་བྱ་བ་བསྟན་པ་ནི།། ཁམས་པ་རྫ་ལ་དགྲ་གཟུགས་བྱ།། ལུག་གི་རྐང་ལ་མིང་བྲིས་ལ།། དེའི་སྙིང་ཀར་གཞུགས་པར་བྱ།། ཁའི་ནང་དུ་ཉྩ་མགོ་གཞུག། ཁ་ནི་ཚེ་རམས་རབ་ཏུ་བཏུ
81b7 གཟུགས་དེ་མི་མགོའི་ཁར་བཅུག་པ།། མི་མགོ་སྤྱང་ཀའི་སྤུས་དཀྲིས་ལ།། གསང་སྔགས་སྟོད་ཙ་བརྒྱད་དུ་བཟླས།། ཨོཾ་བཛྲ་པཱ་ཎི་ཧཱུ~ཾ་མཧཱ་ཀཱ་ལི་རེ་མ་ཏི་ཆེ་གེ་མོ་བ་གནན་ཧཱུཾ། ཨོཾ་རུ་རུ་བེ་ཏི་ཥཱ་བ་ཏོ་སི།། རུ་རུ




iiif viewer powered by OpenSeadragon

81a - 82a

Texts on this page

Gkk3.6 - mkha' 'gro ma me lce 'bar ba'i rgyud