e-texts navigator
Collection
Volume
Page
Wylie

80b1 ཡིན།། དང་པོ་ལས་ཅན་རྣམས་ཀྱི་མིང་ཙམ་མོ།། བརྒྱ་བྱིན་ཉོན་ཅིག། ཞི་བའི་ལས་ཀྱིས་ཁྱད་པར་ནི།། བུ་རམ་ཀཱ་ར་སྦྲང་རྩི་གིའུ་ཝ་དང་།། གུ་གུལ་སྤོས་དང་འོ་མ་དང་།། མར་ཁུ་ཏིལ་དང
80b2 འབྲས་ཆེན་དང་།། ཨ་ཀཱ་རུ་དང་དུ་རུ་ཀ། གང་ལ་བྱ་བའི་མིང་དང་བཅས།། རིལ་སུ་ཁྲི་ཚོ་གཅིག་བྱས་ཏེ།། ཞི་བའི་ཐབ་ཁུང་ཟླུམ་པོ་ལ།། འོ་མ་ཡོད་པའི་ཤིང་བརྩིགས་ལ།། མཁའ
80b3 འགྲོ་མ་རྣམས་དཀར་པོ་ལ།། བདུད་རྩེ་བུམ་པ་ཐོགས་ནས་ཀྱང་།། གང་ལ་བྱ་བའི་སྤྱི་བོ་ནས།། དང་བསྐུར་ལུས་པོ་ཞི་བར་བསྒོམ།། མེ་སྤར་རིལ་བུ་རིམས་ཀྱིས་བསྲེགས།། ཨོཾ་ཙིཎྜ་མ་ཧཱ་རོ
80b4 ཥ་ནེ་ཧཱུཾ། ཙ་པ་ལ་ཨ་ཤུ་ག་མེ་ཁ་མུ་ཏྲ་བ་ཏྲ་བ་ཏྲག་རག་ཤ། སྲོག་གིས་སྙིང་པོ་གཞུག་རྒྱན་དུ།། ཤེནྟིང་ཀུ་རུ་སྭཱཧཱ་བཟླ་ས།། འབུ་མཚོ་བཞི་རུ་བཟླས་པར་བྱ།། སྡིག་དང་བགེགས
80b5 རྣམས་ཞི་བ་དང་།། དགྲ་དང་ནད་ཡམ་ས་ཞི་བར་བྱེད།། རྒྱས་པའི་ལས་སུ་བྱ་བ་ནི།། གུར་གུམ་སྦྱར་ཁ་རྒྱན་འབྲུ་མེ་དང་།། ཨུཏྤལ་མར་ཁུ་གིའུ་ཝང་དང་།། བདུད་རྩི་ལྔ་དང་དཔགས་བསཾ
80b6 ཤིང་།། གང་ལ་བྱ་བའི་མིང་དང་བཅས།། ཁྲི་ཆོ་གཉིས་ཀྱི་རིལ་བུ་བྱ།། རྒྱས་པའི་ཐབ་ཁུང་གྲུབ་བཞི་ལ།། འབྲས་བུ་ཡོད་པའི་ཤིང་བརྩིགས་ལ།། གཙོ་བོ་ཕྱག་ན་རྡོ་རྗེ་དེང་།། མཁའ
80b7 འགྲོ་མ་ཀུན་སེར་པོ་ལ།། རིགས་འཛིན་མཛོད་དང་ག་པུར་ཐོགས།། གང་ལ་བྱ་བའི་སྙིང་ཀ་རུ།། དབང་བསྐུར་ལུས་པོ་རྒྱས་པར་བསྒོམས།། མེ་སྤར་རི་ལ་ལུ་རིམས་ཀྱིས་དབུལ།།




iiif viewer powered by OpenSeadragon

80a - 81a

Texts on this page