e-texts navigator
Collection
Volume
Page
Wylie

80a1 བུ་ཁ་ལ་བཞག། མཁའ་འགྲོ་ཀུན་ལ་སྦྱིན་སྲེག་གཏོར་མ་དབུལ།། དེ་ནས་བུ་མོ་ཤེས་རབ་མ་དེ་ཡིས།། མ་མོ་འབོད་ཅིང་སློབ་མ་དེ་ཡང་བག། མ་མོ
80a2 བསྒྲལ་བའི་རྫས་ནི་བསྲེགས་པར་བྱ།། ཕྱེ་དང་ནང་གི་དྲོད་ཚད་མཚན་མ་འབེབས།། མཚན་མ་ཕེབཱ་ནས་ཐུགས་ཀྱི་དམ་ཚིག་དཔོག། དམ་ཚིག་བསྲེ་ཞིང་གསང་བའི་དབང་བསྐུར་རོ།། དེ་ནི་མཁའ
80a3 འགྲོ་མངོན་དུ་འགྲུབ་པར་བཤད།། མ་མོ་མཁའ་འགྲོ་ཐུགས་ཀྱི་གསང་རྒྱུད་འདི།། དབང་དང་དམ་ཚིག་མེད་པའི་སློབ་མ་ལ།། ཚིག་གཅིག་བསྟན་ཡང་ཚེའི་འདུ་བྱེད་སྦྱར།། མྱུར་དུ་ཤི་ནས་རྡོ
80a4 རྗེ་དམྱལ་བར་སྐྱེ།། དེ་བས་དབང་བསྐུར་སྣང་བ་ཐབ་ལ་བཤད།། མཁའི་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས། མཚན་མ་དབབ་པའི་ལེའུ་སྟེ་བཅུ་དྲུག་པའོ།།
80a5 དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དེས།། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་ཕྱག་ན་རྡོ་རྗེ་ཆེ།། ངོ་མཚར་བྱིན་བརླངས་རྣམས་ཀྱི་མཆོག། ལྷ་མོ་གྲུབ་པའི་རྣལ་འབྱོར་པས།། ལས
80a6 ཀྱི་རིམ་པ་བཤང་དུ་གསོལ།། ཅེས་གསོལ་པ་དང་། དཔལ་རྡོ་རྗེ་འཛིན་པས་བཀའ་སྩལ་པ།། ཉོན་ཅིག་ལྷ་དབང་བརྒྱ་བྱིན་ཉོན།། ལྷ་མོའི་གྲུབ་པ་ཐོབ་པའི་རྣལ་འབྱོར་པས།། སོ་སོར་བས་ལ
80a7 ཆེད་དུ་བསམ་ཀྱང་། ཡིད་ལ་ཅི་འདོད་པསམ་པ་ཙམ་གྱིས་འགྲུག། འོན་ཀྱང་ཆེད་དུ་བསྒྲུབ་པ་རྩོམ་པ་ན།། ལས་ཀྱིས་བྱེ་བྲག་དམ་པ་ངེས་བཤང་ངོ་།། མ་མོ་བསྒྲུབ་པ་རྣམས་ཀྱིས་བྱེད་པ




iiif viewer powered by OpenSeadragon

79b - 80b

Texts on this page