e-texts navigator
Collection
Volume
Page
Wylie

7b1 ཚང་བ། མིའི་རྒྱུ་མ་ལུགས་ཀྱིས་བཀང་བས་ཞལ་དུ་གསོལ་པ། གཞན་ཡང་སྒེག་པ་དང་། དཔའ་བ་དང་། སྤྲོ་བ་དང་། རྒོད་པ་དང་། ཁྲོ་བ་དང་། འཇིགས་སུ་རུང་བ་དང་། རྨད་དུ་འབྱུང་བ་དང་།
7b2 སྙིང་རྗེ་བ་དང་། ཞི་བ་ལ་སོགས་པ་དང་ལྡན་པར་འགྱུར་རོ།། དེ་ནི་འདི་ལྟ་སྟེ། མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། རལ་གྲི་ནི་ལེ་ཡང་དག་འཛིན།། མཐིང་ནག་ཀེ་རི་དབྱུགས་པ་ཁྲག། ཙཽ་རི་འབྲེལ
7b3 པཾ་མདའ་གཞུ་འགེངས།། པྲ་མོ་ག་ཡ་སེ་ན་ཆུ་སྲིན་ཕྱར།། པེ་ཏ་ནག་མོ་རྡོ་རྗེ་ཕྱར། པུཀཱ་ལག་ན་རྒྱ་ཞག་འདྲེན།། གྷསྨ་ཁྲག་ཆེན་འཐུང་ཞིང་འཁྲག། སྨ་ཤ་ལོག་ལྟོ་བྱི་སྙིང་ཟ། ཙཎ་འཁོར་བའི
7b4 མགོ་ལུས་འབྲེལ།། སེང་གེ་སྟག་གི་ཕྱག་བསྣོལ་ཏེ། ཝའི་ཕྱག་གིས་སྒྲ་སྙིང་ལྡག། སྤྱང་ཀིའི་མགོ་བོའི་སྙིང་ལ་འདྲད།། བྱ་རྒོད་སྤུ་གྲི་བནྡྷ་འཛིན།། ཀངྐ་མགོ་ཡི་ཞིང་ཕྲག་གཟིགས།། བྱ་རོག་མགོ
7b5 ཡིས་གྲི་ཐོད་འཛིན།། འུག་པའི་མགོ་ཡིས་ལྕགས་ཀྱུ་ཁྲག། སྨོས་པའི་ཕྱག་མཚན་ཅན། གཞན་ནི་བཏང་སྙོམས་མཛེས་པ་དང་། གཉིས་ཀ་གང་མོས་རྫོགས་པའི་ཕྱག། སྐུ་ནི་ཐམས་ཅད་དབྱིངས་སུ
7b6 གཅིག། དཀྱིལ་འཁོར་འདི་ཡིས་ལས་རྣམས་བྱེད། རྣལ་འབྱོར་དབང་ཕྱུག་ཆེན་མོ་རལ་གཅིག་མའི་རྒྱུད་ལས། དབང་བསྐུར་བ་དང་། དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་དང་པོའོ།།
7b7 དེ་ནས་གསང་བའི་བདག་པོས་གསོལ་པ། བཅོམ་ལྡན་འདས་སྦྱིན་སྲོག་གིས་ལས་ཀྱི་སྦྱོར་བ་ཇི་ལྟ་བུ་གྲུབ་པ་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་གསུངས་པ། གསང་བའི་བདག་པོ་འདི་སྟེ




iiif viewer powered by OpenSeadragon

7a - 8a

Texts on this page

Gkk3.2 - rnal 'byor dbang phyug chen mo ral gcig ma'i rgyud