e-texts navigator
Collection
Volume
Page
Wylie

79b1 དེ་ནས་བུ་མོས་སྙིང་པོ་འབུམ་དུ་འདོན།། དེ་ནས་རྡོ་རྗེ་སློབ་དཔོན་འགུ་རུ་ཡིས། ཨཪྻ་བརྡུང་ཞིང་མ་མོ་དྲུག་ཏུ་འབོད།། སྲོག་སྙིང་ཟླ་ཞིང་གཡབ་དང་གཡབ་པར་བྱ།། དེ་ནས་བུ་མོད་ལ
79b2 སེམས་གཏད་ལ།། སྔགས་འདི་ཟླ་ཞིང་གདོང་དུ་རབ་ཏུ་བལྟ།། བུ་མོ་མཾ་ཡང་མ་མོ་བཻ་སྒོམ་དུ་གཞུག། ཨོཾ་མ་ཧཱ་ཙཿརོ་ཥ་ན་ཧཱུ~ཾ། ས་མ་ཡཱ་པྲ་ཐཱ། རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེས་མ་ས་པྲཱགྶ
79b3 ཁ་མུད་ཏྲ་མ་མ་ཧ་ཏི་པྲ་མ་ག་སིདྡྷི་ས་མ་ཡཱ་པྲ་ཐཱ། ཨ་བེ་ཤ་ཨ་ཨ། མ་མོ་དྲག་ཏུ་བསྐུལ་ཞིང་དབབ་པར་བྱ།། ཕེབས་པ་ཀ་ན་གནད་དབབ་བསྐུལ་རྫས་སྲེགས།། ལན་ནི་གསུམ་འམ་བདུན་གྱིས་ངེས་པར་བཀྲ
79b4 བཟང་ངན་ལེགས་ཉེས་མཚན་མ་ཐོལ་ཐོལ་སྨྲ།། ཡང་ན་མི་སྨྲ་བར་ཡང་ཕེབས་པར་བྱེད།། དེ་ནས་བུ་མོ་དེའི་ལུས་པོ་ལ།། སྤོས་དང་མེ་ཏོག་མར་མེའི་དྲི་ཆབ་ཀྱིས།། དང་པོ་ལ་ཕྱིའི་མཆོད་པ་བྱ།། ཤ
79b5 ལྔ་བདུད་རྩི་ལྔ་བཟའ་བཏུང་གིས།། དེ་ནས་གཉིས་པ་ནང་གིས་མཆོད་པ་དབུལ།། དེ་ནས་གསང་བ་སྦྱོར་བའི་མཆོད་པ་དབུལ།། གསང་བའི་མཆོད་པ་ཁུ་ཡི་ཐིག་ལེ་དེས།། དང་པོ་གཙོ་བོ་རྡོ་རྗེ་འཛིན
79b6 མཆོད།། གཉིས་པ་ལླཱི་མོད་བྱིན་གཡོག་མཆོད་པར་བྱ།། ཀཱསུམ་ཟླ་བ་བ་དག་གཏུང་དངོས་གྲུ་བཟང་།། གཟུང་མ་མཁའ་འགྲོ་ཡིན་པར་ངེས་བསྡུས་ལ།། གཟུང་བའི་སྐྱེ་ལ་བཞུགས་དམ
79b7 ཚིག་བསྲེ།། དེ་ནས་ཐིག་ལེའི་སློབ་མའི་ལྕེ་ལ་བཞག། དེར་ནི་མ་མོ་ཐུགས་ཀྱི་དབང་བྱིན་ནོ།། དེ་ནས་བུ་མོ་དེའི་མདུན་དུ་ནི།། དབང་གི་སྟེགས་བུ་ཟླ་གམ་དམར་པོ་བཅིག། ང་ནས་སློབ་མ་སྟེགས




iiif viewer powered by OpenSeadragon

79a - 80a

Texts on this page