e-texts navigator
Collection
Volume
Page
Wylie

79a1 དབང་།། བཞི་པ་ལ་ནི་དཔའ་བོ་ཧ་སྟེའི་དབང་།། དེ་ནས་རེ་མ་ཏིའི་དབང་བཞི་བསྐུར།། དང་པོ་ལ་ནི་དུར་ཁྲོད་ག་ཡང་བཞིའི་དབང་།། གཉིས་པ་རྡོ
79a2 རྗེ་དམ་རུའི་རྔམ་པའི་དབང་།། གསུམ་པ་ཁ་ཊྭཱཾ་བདུད་ཀྱི་ཁྲམ་བཾ་དབང་།། དེ་བཞིན་བཞི་པ་ཆུ་གྲིར་གསོད་པའི་དབང་།། ཏིང་འཛིན་སྔགས་དང་ཕྱག་རྒྱ་རྫོགས་པར་བྱ།། བཅུ་གཉིས་རིམ་པ
79a3 སྔོན་དུ་རྫོགས་པ་དང་།། སྐུ་དང་གསུང་གི་དམ་ཚིག་དཔོག་པར་བྱ།། དེ་ནས་གསང་བའི་དབང་ལ་འཇུག་པར་བྱ།། དང་པོ་བྲམ་ཟེ་རྗེའུ་རིགས་རྒྱ་ལ་རིགས་ཀྱི།། བུ་མོ་རྒྱ་དང་བཅུ་དྲུག་ཉི་ཤུ་ལ།། མིག
79a4 ། གི་དཀྱུས་རིང་སྤྲོ་སང་ནུ་མ་རྒྱས།། སྐྲ་བཟང་སོ་དཀར་ཁ་ལ་ཨུ་དཔལ་བློ།། དེ་ལ་ཁྲུས་བྱས་མེ་ཏོག་གསེར་གྱི་བརྒྱན།། དབང་པོ་ལྟ་ལ་བདུད་རྩིའི་ཐིག་ལེས་གདབ།། དཔྲལ་བར་ཕྱག་ན་རྡོ་རྗེའི
79a5 གསང་སྔགས་བྲི།། དེའི་སྟེང་ཁར་ལྕེ་མོའི་སྙིང་པོ་བྲི།། ལྟེ་བར་རེ་མ་ཏིའི་སྙིང་བཟོ།། སྨན་ལྔ་བདུད་རྩི་ལྔའི་ཟས་བྱིན་ལ།། གསང་བའི་པདྨ་ར་རུ་ཧི་རྡོ་རྗེ་རྩལ།། མཁའ་འགྲོ་མ་མེ་ལྕེ་བར
79a6 བའི་རྒྱུད་དེ་ལས། དབང་བསྐུར་བའི་ལེའུ་སྟེ་བཅོ་ལྔ་པའོ།། །། དེ་ནས་ཡང་བསྒྲུབ་པའི་དཀྱིལ་འཁོར་ནུབ་ཕྱོགས་སུ།། དབང་བསྐུར་སྟེགས་བུ་ཟླ་བ་མ་དམར
79a7 པོ་བརྩེགས།། དེའི་སྟེང་དུ་བུ་མོ་དགཞག་ལ།། ཕྱོགས་མཚམས་ཀུན་དུ་ཚིལ་དང་ཙོང་ཞི་བསྲེག། སྟེང་འོག་ཀུན་ཏུ་ཞིང་གི་བླ་རེར་གདན།། མདུན་དང་རྒྱབ་ཏུ་གཏོར་མ་སྦྱིན་པ་སྲེགས་བྱ།།




iiif viewer powered by OpenSeadragon

78b - 79b

Texts on this page