e-texts navigator
Collection
Volume
Page
Wylie

78b1 ཐིག་ལེམ་མོར་བལྟ།། དེ་ནས་རྟག་ཏུ་སྔགས་དང་ཕྱག་རྒྱ་དང་།། ཏིང་འཛིན་རྫས་ངམཆིག་མི་སྤང་ངོ་།། རྟག་ཏུ་ཟས་ཀྱི་ཕུད་ཀྱི་ས་བསྟེན་པར་བྱ།། མཁའ་འགྲོ་མ་མེ་ལྕེ་འབར་བའི
78b2 རྒྱུད་ལས།། མ་མོ་རྟག་ཏུ་བསྟེན་པའི་ལིཊ་སྟེ་བཅུ་བཞི་པའོ།། དེ་ནས་དཔལ་ཕྱག་ན་རྡོ་རྫ་ལ་ལྷའི་དབང་པོབ་རྒྱ་བྱིན་གྱིས་འདི་སྐད་ཅེསགས་ལ་ཏོ།།
78b3 དཔལ་འབར་ཆེན་པོ་ཉི་མ་སྟོང་གི་གཟི།། རྡོ་རྗེ་མཁའ་འགྲོ་དཔལ་གྱི་ལྷ་མོ་ཡི།། སྤུ་རྟགས་དབབ་དང་སློབ་མ་དབང་བསྐུར་བའི།། མ་མོ་དབབ་པའི་གསང་སྔགས་བདག་ལ་ཤོད།། ཅེས
78b4 གསོལ་པ་དང་།། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ། མ་མོ་དབབ་ཅིང་སློབ་མ་དབང་བསྐུར་བའི།། སློབ་དཔོན་ཉིད་ཀྱིས་མ་མོ་སྒྲུབ་པ་གཅེས།། དེ་ནས་མ་མོ་གྲུབ་པའི་སློབ་དཔོན་དེས།
78b5 དུར་ཁྲོད་ཆེན་པོར་ཞགས་བདུན་བསྙེན་པ་བྱ།། སྔགས་དང་མན་ངག་རྫས་སུ་ལྡན་བྱས་ལ།། སྔོན་ལ་རང་ལ་མ་མོ་ཕེབས་པར་བྱ།། དེ་ནས་སློབ་མ་དཀྱིལ་འཁོར་འཇུག་པ་དང་།། མེ་ཏོག་གཏར
78b6 དང་ལྷ་ངོ་བསྟན་བྱས་ལ།། དང་པོ་ཕྱག་ན་རྡོ་རྗེའི་དབང་བཞི་བསྐུར།། དང་པོ་རྡོ་རྗེ་རྩེ་སྡེ་འབར་བའི་དབང་།། གཉིས་པ་ཤེས་རབ་དྲིལ་བུའི་དབང་།། དེ་བཞིན་གསུམ་པ་ལ་ནི་དབུ་རྒྱན་ཏེ།། བཞི་པ
78b7 རིགས་ལྔ་ཡེ་ཤེས་ལྔའི་དབང་།། དེ་ནས་ལྷ་མོ་ནག་མོའི་དབང་བཞི་བསྐུར།། དང་པོ་ཐོད་པ་ཕྲེང་བའི་དབང་།། གཉིས་པ་ཤེས་རབ་རལ་གྲིའི་དབང་།། གསུམ་པ་ནེའུ་ལེ་རྐྱལ་བུའི




iiif viewer powered by OpenSeadragon

78a - 79a

Texts on this page