| | e-texts navigator
|
78a1 #བརྒྱད་འབུལ།། བཀའ་ཆད་ཐམ་བྱུང་བན།། གཏོར་མ་བརྒྱ་དང་སྦྱིན་སྲེག་བརྒྱ།། མཁའ་ལྡིང་གཅིག་དང་ཤེལ་ནག་གཅིག། ཅར་གཅིག་གིས་སྐང་བ
78a2 བཱ་ཤད།། མཁའ་འགྲོ་མ་མེ་འབར་བའི་རྒྱུད་ལས།། སྤོགས་ཤིང་ཐུགས་དམ་བསྐང་བའི་ལེའུ་སྟི་བཅུ་གསུམ་པའོ།། དེ་ནས་ལྷའི་དབང་པོ་བརྒྱུ་བྱིན
78a3 གྱིས།། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ།། དྲག་པོ་དཔལ་འབར་གནོད་སྦྱིན་ཁྲོས་པའི་གཙོ།། རྡོ་རྗེ་མཁའ་འགྲོའི་དངོས་གྲུབ་ཐོབ་པའི་མིས།། རྟག་ཏུ་བསྟེན་པ་རྡོ་རྗེ་འཛིན་པས
78a4 ཤོད།། ཅེས་གསོལ་བ་དང་། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ། ཉོན་ཅིག་མཁའ་འགྲོ་རྟག་ཏུ་བསྙེན་པ་ནི།། དང་པོ་འགྲུབ་ཅིང་མཚན་མ་ཐོབ་པ་གཅེས། དེ་ནས་ཕྱེ་ནང་གསང་བ་གསུམ
78a5 དུ་བསྟེན།། དཔོན་མོ་ཕྱིའི་རྟེན་ནི་རྨ་བྱའོ།། རྨ་བྱའི་སྙིང་ཁར་བྷྱོ་ལས་ལྷ་མོ་བསྐྱེད།། འཁོལ་མོ་ཕྱིའི་རྟེན་ནི་བྱ་ནག་གོ། བྱ་ནག་སྙིང་ཁར་བྷྱོ་ལས་འཁོལ་མོ་བསྐྱེད།། རྨ་བྱ་དེ་མོ་ནག་མོ་ཤེས
78a6 ནག་ལ།། སྣ་ལམ་མོ་དཔོན་གཡོགས་ཕེབས་པར་དཔག།། དེ་ནས་ཕྱི་ནང་གསང་བའི་དབང་བསྐུར་ལ།། དུས་སུ་གཏོར་མས་མཆོད་ཅིང་རྟེན་དུ་གཟུགས།། ནང་གི་རྟེན་ནི་སྐུ་དང་གསང་མཚན
78a7 དང་།། རང་གི་གཟུགས་དང་གསང་མཚན་ཁ་སྤང་ལ།། བར་དུ་ཧི་རྡོ་རྗེ་པདྲ་མི།། གསང་ལག་པུར་བཙལ་ལ་ལུས་ལ་བསྲེས།། གསང་བའི་རྟེན་ནི་ལྷན་ཅིག་གྲུབ་པའི་ལྷ།། གསང་བའི་ཡེ་ཤེས
iiif viewer powered by OpenSeadragon
77b - 78b