| | e-texts navigator
|
77b1 ལིང་ག་ཡ།། སྙིང་ཁར་དམ་སྲིའི་མི་བྲིས་ལ།། རབས་ཆང་ནག་པོའི་ཐོད་པར་གཞུགས།། ཐོད་པ་དོང་གི་ནང་དུ་གཞུགས།། འབར་བའི་དཀྱིལ་འཁོར་གསལ་བར་སྒོམ།། དམ་སྲི་བཀུག་ཅིང་བསྟིམ
77b2 བྱས་ལ།། མིང་རུས་སོར་བརྒྱད་ཕུར་པ་ནི།། མི་གཡོ་མགོན་པོར་བསྒོམས་ལ་གདབ།། མཚན་མ་ངན་པའི་ཟློག་སྔགས་བཟླས།། དེ་སྟེང་རྡོ་བ་ནག་པོ་ལ།། རི་རབ་རྡོ་རྗེ་རྒྱ་གྲམ་བྲི།། འབྲུབ་ཁུང་དེའི
77b3 ཁ་བཅས་ལ།། དེ་སྟེང་མཆོད་རྟེན་ནག་པོ་བརྩིག། དེས་ནི་དམ་ཚིག་སྲི་གནན་པར་བཤད།། རྣལ་འབྱོར་དམ་ཚིག་ཉམས་པ་ལ།། བསྐང་པའི་ནན་ཏན་བཤད་བྱན།། གང་ཞིག་དམ་ཚིག་ཉམས
77b4 པ་ལ།། མཁའ་འགྲོ་མའི་མཆད་དབྱུང་།། ཉམས་ཚབས་ཆེན་བཀའ་ཆད་ཆེ།། བསྒྲུབ་པའི་གྲུབ་རྟགས་མེད་པ་དང་།། རང་ཉིད་སྲོག་ལ་འཇབ་པའོ།། ཡིད་དུ་མི་འོངས་སྣ་ཚོགས་དང་།།
77b5 ཉམས་པ་འབྲིང་གི་བཀའ་ཆད་ནི།། བུ་དང་གྲོགས་ལ་རིམ་ནད་འབྱུང་།། ཉམས་པ་ཐ་མོའི་བཀའ་ཆད་ནི།། གྲོགས་དང་ནོར་ལ་གོང་ཀ་འོང་།། དེ་ནས་ཉམས་པ་བསྐང་བ་བསྟན།། ཉམས་པ་ཆེན
77b6 པོ་བསྐང་ཐབས་ནི།། གཏོར་མཁྲི་དང་སྦྱིན་སྲེག་ཁྲི།། དེ་བཞིན་ཙར་གསུམ་གྱིས་བསྐང་།། དེས་ཀྱང་སྐྱོང་བར་མི་འགྱུར་ན།། དང་པོ་མཁའ་ལྡིང་གསུམ་གྱིས་བཀང་།། དེ་ནས་ཤེལ་ནག་གསུམ
77b7 གྱིས་བསྐང་།། བཀའ་ཆང་འབྲིང་པོ་བསྐོང་བ་ནི།། གཏོར་མ་གཏོང་དང་སྦྱིན་སྲེག་གཏོང་།། མཁའ་ལྡིང་གོཉིས་དང་ཤེལ་ནག་གཉིས།། དེ་བཞིན་ཙར་གཉིས་ཀྱི་བསྐང་།། མདངས་ཀྱི་མར་མེ་བཙོ
iiif viewer powered by OpenSeadragon
77a - 78a