e-texts navigator
Collection
Volume
Page
Wylie

76b1 རྡོ་རྗེ་འཛིན།། རྡོ་རྗེ་མཁའ་འགྲོ་སྒྲུབས་ཀྱང་མ་འགྲུབ་ན།། སྲོག་ཤིང་གནད་ཡང་བབ་པ་བཤད་པར་ཞུ།། ཅེས་གསོལ་པ་དང་། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ། སྐྱེས་བུ་ཏིང་འཛིན་བློ་ལྡན
76b2 རྩལ་ཅན་གྱིས།། རྡོ་རྗེ་མཁའ་འགྲོག་སང་སྔགས་གཙོར་བྲངས་ན།། གང་འདོད་དངོས་གྲུབ་མི་ཐོབ་མི་སྲེད་དོ།། འོན་ཀྱང་གྲུབ་ཐག་རིང་བ་ན།། དེ་ལ་ཅེ་དམིགས་རྣམ་པ་པ་ནི།། སྔོན་གྱིས་ལས་འགྲོ
76b3 མ་འབྲེལ་དང་།། སྟེན་པ་ཞག་གྲང་ཉུང་བ་དང་།། བགེགས་ཀྱིས་བར་དུ་གཅོད་པ་དང་།། རྣལ་འབྱོར་དམ་ཚིག་ཉམས་པ་ནི།། གྲུབ་ཐག་རིང་བའི་རྒྱུ་བཞི་ཡིན།། དེ་བཞི་མཚན་མས་ངོས་བཟུང་སྟེ།
76b4 སྔོན་གྱིས་ལས་འཕྲོས་མ་འབྲེལ་ཏེ།། བསྒྲུབ་ཀྱང་དངོས་གྲུབ་མཚན་མ་མེད།། ཟླས་བརྗོད་བསྟེན་བགྲངས་ཉུངས་ན།། གྲུབ་རྟག་འོང་ཞིང་ལས་མི་ཉན།། བགེགས་ཀྱི་བར་དུ་གཅོད་པ་ན།།
76b5 གཉིད་ཆེ་སྙིང་མི་དགའ་ལ་ཁྲོ།། རྣལ་འབྱོར་དམ་ཚིག་ཉམས་པ་ནི།། མི་འདོད་པ་ཡི་འབྲས་བུ་འབྱུང་།། བར་ཆད་རྐྱེན་དབང་དྲག་པོ་འབྱུང་།། འོན་ཀྱང་མི་གཞག་བསྒྱུར་ཞིང་བསྒྲུབ།། སྔོན་གྱིས་བ
76b6 འབྲོས་མ་འབྲེལ་ན།། དང་པོ་བསྟེན་པ་ཡུན་སྲིངས་ལ།། དེ་ནས་གནད་ལ་དབབ་པ་ན།། བསྒྲུབ་པའི་དཀྱིལ་འཁོར་བྱང་ཤར་དུ།། དུར་ཁྲོད་ས་ལ་ཟུར་གསུམ་ནི།། འཕང་དུ་མཐོ་གང་ཡོད་པ་ཅིག།
76b7 མིའི་ཁྲག་གིས་ཆག་ཆག་གདབ།། དེ་ནས་ཞིང་སོགས་གཡས་པ་ལ།། ལྷ་མོ་ཉིད་ཀྱི་སྐུ་བྲིས་ལ།། རྒྱུས་ཆེན་གཟུངས་ཐག་སྙིང་ཀར་གདགས།། གྲུ་གསུམ་སྟེང་དུ་གན་རྐྱལ་མནན།། གཟུངས་ཐག་རྩེ་མོ་སོས་བཟུང་ལ།། ཧཱུཾ་མཛད




iiif viewer powered by OpenSeadragon

76a - 77a

Texts on this page