e-texts navigator
Collection
Volume
Page
Wylie

75b1 ཟར་འོང་བུད་མེད་ཕྱག་བསྡུས་སོ།། དམ་ཚིག་ཉམས་ནས་མ་མོ་འཁྲུགས་གྱུར་ན།། བུད་མེད་ནང་འཐབ་མཚོན་གྱི་ཆར་པ་འབེབས།། བྱ་ནག་ནང་འཐབ་ཁྲག་གི་ན་བུན་འཁྲིགས།། ལྟས་དེ་མཐོང་ན
75b2 བཀའ་ཆད་འོང་བ་ཡིན།། གལ་ཏེ་ཏེ་བུར་ནག་མོ་ལ་སོགས་པའི།། དམ་སྲྀ་རྣམས་ཀྱི་སྒྲུབ་པའི་བར་གཅོད་ན།། གྲང་ལ་འཇིག་ཤིང་ཁྱིམ་ལ་འགྲོ་སྙིང་འདོད།། སྙིང་བྲོ་སྙིང་མི་དགའ་ཞིང་གྲངལ
75b3 བཀྲེས།། ཁས་བླ་དུ་སྙིང་འདོང་ལ་ཁྲོ་ཞིང་འཚིག། བུད་མེད་རྐུ་བ་དང་མོ་མཚན་སྟོན་པརླི།། གལ་ཏེ་གཏོར་མ་དུས་ལས་ཡོལ་བ་ན།། མོ་མཚན་དང་ནི་སྔོན་གྱི་དབང་རྟགས་སྟོན།། དུ་བ
75b4 འཁྲིགས་ནས་བུད་མེད་གཞལ་བ་མཐོང་།། བུད་མེད་དུ་བ་མཐོང་ན་ཉམས་པ་གནོད།། མིག་ནི་འཛུམ་པ་མཐོང་ན་ཏིང་ངེ་འཛིན་གཡེལ་བའི་རྟགས།། ཐལ་མོ་སྟབས་པ་མཐོང་ན་དམཿས
75b5 མ་ཚང་ཟེར།། ལྕེ་རྩེ་སྟོན་ན་སྙིང་པོ་ཆད་པ་ཡིན།། སོ་སྒྲ་འཁྲིགས་ན་གཞན་དང་འཐུང་མོ་འོང་།། བགོད་པ་མཐོང་ན་དགྲ་བོ་སྲོག་དང་ཟ་བའི་བརྟགས།། ཁྲོ་ན་བར་ཆད་འོང་བ་སྦྲོན་པ་ཡིན།། སྦྱོར
75b6 བྱེད་ན་དངོས་གྲུབ་སྟེར་བ་ཡིན།། རྒྱང་གླུ་ལེན་པ་མཐོང་ན་གྲུབ་ཐག་རིང་།། མཆི་རིས་ངོལ་ཡོད་ནུ་རིམ་སཱ་ནད་འོང་།། གར་ཐབས་བྱེད་ཅིང་བྱུང་ན་ཅི་བསམ་འགྲུབ།། གླིང་བུ་འབུང
75b7 ན་གཏོར་མ་ལེན་པ་ཡིན།། འཕྲེང་བའི་དྲེན་ན་སྦྱིན་སྲེག་འདོད་པ་ཡིན།། ཁ་ལའོ་བྱེད་སྦྱོར་བ་བྱེད་པ་ཡིན།། བོང་བུ་ཞོན་པ་རྨིས་ན་རྗེ་མོ་ཡིན།། དྲེའུ་ཞོན་པ་རྨིས་ནི་རྗེ་མོ་ཡིན།། སྙིང་སྒྲ




iiif viewer powered by OpenSeadragon

75a - 76a

Texts on this page