e-texts navigator
Collection
Volume
Page
Wylie

74b1 སྐྱེས་བྱ་བློ་ལྡན་མན་ངག་རྩལ་ཅན་གྱིས།། གསང་སྔགས་ཏིང་འཛིན་ཕྱག་རྒྱ་རབ་ལྡན་ན།། རྡོ་རྗེ་མཁའ་འགྲོ་གྲུབ་རྟགས་འདི་ལྟར་འབྱུང་། གྲུབ་རྟགས་ཕྱི་ནང་གསང་བ་གསུམ་དུ་བཤད།
74b2 ནོནང་གི་གྲུབ་རྟག་མིག་དང་རྣ་བ་འདང་།། སྣ་དང་ལྕེ་དང་ལུས་དང་སྙིང་ལ་འབྱུང་།། གལ་ཏེ་མིག་གིས་སྲིད་པ་གསུམ་མཐོང་ན།། གཙོ་བོ་ཕྱག་ན་རྡོ་རྗེའི་མཚན་མར་འཛིན།། མིག་གིས་མཁའ་འགྱུ
74b3 མཐོང་ན་ལྷ་མོ་ཡིན།། མིག་ནི་འདར་ཞིང་འགུལ་ན་རེ་མ་ཏི།། རྣ་བས་སྲིད་གསུམ་ཐོས་ན་རྡོ་རྗེ་འཛིན།། མཁའ་འགྲོ་གཏམ་ཟེར་ཐོས་ནས་ལྷ་མོ་ཡིན།། དུས་མེད་འབྲུག་སྒྲ་ཐོས་ན་རེ་མ་ཏི།། སྣ་ལ་ག་པུར་ཐོ
74b4 ན་རྡོ་རྗེ་འཛིན།། ཀུ་མུད་ཏའི་དྲི་ནི་ལྷ་མོ་ཉིད།། སྤོས་དང་གུར་གུམ་པྲོ་ནི་ར་མ་ཏི།། ལྕེ་ལ་དམ་ཆོས་འཆང་ན་རྡོ་རྗེ་འཛིན།། ལྕེ་ལ་གསང་སྔགས་ཟློས་ན་ལྷ་མོ་ཡིན།། ལེགས་ཉེས་མཚན་མ་སྨ་ན་ར་མ་ཏི།། ལུས
74b5 མེ་འབར་ན་ཕྱག་ན་རྡོ་རྗེ་ཡིན།། ལུས་ལ་འོད་འབྱུང་ལྷ་མོའི་རྟགས།། ལུས་པོ་འངར་རམ་གྱི་གཡའ་དང་།། ཤ་ཙང་དུལ་ན་རེ་མ་ཏཱིའི་རྟགས།། གཡ་ལམ་འཚིག་ཅིང་མཆིལ་མ་འོང་བ་ནི།། མ་མོ་དཔོན
74b6 གཡོག་ཡོ་ག་ཕེབས་པའོ།། གལ་ཏེ་སྙིང་གིས་སྒྲུ་བ་དྲན་པ་ན།། ཕྱག་ན་རྡོ་རྗེ་གྲུབ་པའི་མཚན་མ་ཡིན།། སྙིང་འདི་དགའ་ལ་འཚིག་གཙོ་མོ་ཡིན།། སྙིང་འདི་ཁྲོ་ཞིང་འཚིག་ན་འཁོལ་མོ་ཡིན།། ད་ནི་གསང
74b7 བའི་གྲུབ་རྟགས་བརྟན་པར་བྱ།། སྔགས་དང་ཏིང་ངེ་འཛིན་ནུས་པ་སྐྱེས་ཙམ་ན།། རྡོ་རྗེ་དབུས་ཀྱི་རྩའི་ནམ་མཁའ་ལ།། བྱང་ཆུབ་སེམས་ཀྱི་དགའ་བདེ་བསྐྱེད་པ་ན།། མཁའ་འགྲོ་རང་ལ་ཤར་བ་ཡིན་པར་བཤབ




iiif viewer powered by OpenSeadragon

74a - 75a

Texts on this page