| | e-texts navigator
|
74a1 དམ་ཚིག་མ་ཉམས་ན།། སྔགས་བཟླས་མཁའ་འགྲོ་མངོན་དུ་འོང་།། བར་ཆོད་མེད་པར་དངོས་གྲུབ་སྟེར།། ཐུགས་ཀྱི་དམ་ཚིག་མ་ཉམས་ན།། བདུད་དང་དགྲ
74a2 #། ཡིས་མི་ཚུགས་ཤིང་།། རྟག་ཏུ་རིམས་ནད་མི་འབྱུང་ཞིང་།། དགྲ་རྣམས་ཐེ་ཙོམ་མེད་པར་འཆི།། ལྷ་མོ་ཡོངས་ཀྱི་འཁུར་བར་འགྱུར།། ཚེ་རིངས་ནོར་དང་ལྡན་པར་འགྱུར།། དེ་ནས་ནག་མོར་མ་ཏེའི།།
74a3 སྐུའི་དམ་ཚིག་མ་ཉམས་ན།། འཁོར་ནི་བཀྲ་ཤིས་དར་ཤིང་རྒྱས།། དགྲ་དང་བགེགས་རྣམས་ཕུང་བར་བྱེད།། གསུང་གི་དམ་ཚི་མ་ཉམས་ན།། བུ་དང་ཆུང་མ་དར་བ་དང་།། ནོར་དང་ལོངས
74a4 སྤྱོད་རྒྱས་པར་འགྱུར།། མིག་རྣོ་རྐང་འགྱོགས་རོ་ལངས་འགྲུབ།། ཐུགས་ཀྱི་དམ་ཚིག་མ་ཉམས་ན།། ཚེ་རིང་གྲགས་པ་ཐོབ་པ་དང་།། ལུས་ལ་ནད་ཀྱེ་མི་འདེབས་ཤིང་།། སེམས་ལ་སྡུག་སྔལ
74a5 མེད་པར་འགྱུར།། མཐུ་རྩལ་ཆེན་པོ་ཐོབ་པར་འགྱུར།། སྤྱིའི་དམ་ཚིག་མ་ཉམས་ན།། གཙོ་བོ་ཕྱག་ན་རྡོ་རྗེ་དང་།། ལྷ་མོ་ནག་མོ་དཔོན་གཡོག་ཀུན།། རྟག་ཏུ་བདག་དང་མི་འབྲལ་བར།། ཇི་ལྟར
74a6 འདོད་པའི་དོན་དེ་བསྒྲག། གང་ལྟར་སྔགས་པའི་ལས་དཔྱོད།། མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས། དམ་ཚིག་གི་ལེའུ་སྟེ་བཅུ་གཅིག་པའོ།། ། དེ་ནས་ལྷའི་དབང་པོ་བརྒྱ
74a7 བྱིན་གྱིས།། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ།། ཧཱུཾ་མཛེད་ཧཱུཾ་གིས་རྒྱལ་པོ་རྡོ་རྗེ་ཆེ།། རྡོ་རྗེ་མཁའ་འགྲོའི་དྲོད་ཚད་མཚན་མ་ཤོད།། ཅེས་ཞུས་པ་དང་དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ།།
iiif viewer powered by OpenSeadragon
73b - 74b