| | e-texts navigator
|
73b1 དཔལ་ལྡན་ལྷ་མོ་ནག་མོ་ཡི།། སྐུའི་དམ་ཚིག་ཉམས་པ་ན།། རྒྱལ་པོའི་ཆང་དང་སྦྲུལ་གདུག་དང་།། མེ་དང་ཆུ་ཡིས་རབ་ཏུ་གཅོད།། གསུང་གི་དམ་ཉམས་པ་ནི།། བསྒྲུབ་པ་གཡེལ་ཞིང་ནུས
73b2 མཐུ་མེད།། བསྒྲུབ་པ་ཙམ་རེས་པར་ཆད་འབྱུང་།། ཐུགས་ཀྱི་དམ་ཚིག་རྣམས་པན།། ཉེས་ལེན་འོང་ཞིང་རིམས་ནད་འབྱུང་། ཁོལ་མོ་བདུད་མར་མ་ཏིའི།། སྒྲའི་དམཆོག་ཉིམས་པན།། འཁོ
73b3 ལ་རིམས་ན་ད་སྤྱི་འབོག་འོང་།། དགྲ་རྣམས་ཚེ་དང་བསོད་ནམས་འཕེལ།། གསུང་གིས་དམ་ཚིག་ཉམས་པ་ན།། བུ་དང་ཆུང་མ་འཆི་བ་དང་།། སྙིང་མི་དགའ་ཞིང་ཁ་ཡོགས་ཡོང་།། ནོར་དང་ལོངས
73b4 སྦྱོང་ཟད་པར་འགྱུར།། ཐུགས་ཀྱི་དམ་ཚིག་ཉམས་པ་ནི།། རང་གི་ཚེ་ལ་བར་ཆོད་འོངས།། མཛེ་དང་རྒྱུ་གཟེར་ན་ཞིང་འབོག། སྤྱིའི་དམ་ཚིག་ཉམས་པན།། སྐལ་པར་བསྒྲུབས་ཀྱང་འགྲུབ་དུས་མེད།། །
73b5 ཡོད་དུ་མི་འོང་ནད་དགྲ་འོང་།། ཡང་ནི་ལྷ་དབང་བརྒྱ་བྱིན་ཉོན།། དམ་ཚིག་བསྲུངས་པའི་ཡོན་ཏན་ནི།། གཙོ་བོ་ཕྱག་ན་རྡོ་རྗེ་ཡི།། སྐུའི་དམ་ཚིག་མ་ཉམས་ན།། བླ་མེད་བྱང་ཆུབ་གོ་འཕང་ཐོབ།། གསུང
73b6 གི་དམ་ཚིག་མ་ཉམས་ན།། ཕྱག་ན་རྡོ་རྗེའི་ཞལ་མཐོང་ནས།། རྡོ་རྗེ་ངག་ལ་དབང་ཐོབ་འགྱུར།། ཐུགས་ཀྱི་དམ་ཚིག་མ་ཉམས་ན།། འཕྲིན་ལས་རྣམ་བཞི་མངོན་དུ་འགྲུག།། མཁའ་འགྲོ་མ་རྣམས་མངོན
73b7 དུ་འཁོལ།། མཐུ་དང་རྫུ་འཕྲུལ་བསམ་པས་འགྲུབ།། དཔལ་ལྡན་ལྷ་མོ་ནག་མོ་ཡིས།། སྐུའི་དམ་ཚིག་མ་ཉམས་ན།། ལྷ་སྲིན་རྒྱལ་པོས་ཕྱག་བྱས་ནས།། འདོད་པ་ཁམས་ཀྱི་རྒྱལ་སྲིད་ཐོག། གསུང་གི།
iiif viewer powered by OpenSeadragon
73a - 74a