| | e-texts navigator
|
73a1 བྱས་ཏེ།། ཕྱིས་ནི་བཅོས་པར་ཡ་བ་ཤད་དོ།། ཁས་གྲངས་ཡོལ་དུ་ག་ལ་རུང་།། ཟད་ཀྱང་ཉམས་པར་བྱ་བ་མེད།། རྡོ་སོལ་ཆུར་ནི་བསྐུར་མིགྷ།
73a2 མོས་ཐུགས་ཀྱི་དམ་ཚིག་ནི།། ན་ཡ་བུ་ཡོད་པའི་སྦྲུམ་མ་ལ།། མེ་ཏོག་གཏོར་ཞིང་བྱམས་པར་བྱ།། ཁ་ཟས་སྦྱིན་ཞིང་སྔན་མི་སྐྲང་།། སྣ་ཁྲག་ཟླ་མཚན་བླང་བར་བྱ།། དམ་ཚིག་ཡོང་རུང་མེད་རུང་སྟེ།
73a3 བདག་མ་ཡིན་པའི་རྣལ་འབྱོར་ལ།། རང་གི་ལྷ་དང་སྙིང་པོ་དང་།། རྫས་དང་ཕྱག་རྒྱ་མི་བསྟན་ཏོ།། མཚན་མོ་རྡོ་སོལ་ཁུ་བས་བགྲུ།། བྱ་ནག་ལུག་རྣག་རྟག་ཏུ་བཅང་།། ཐེ་ཚོམ་ཐར་ནི་མི་རུང་ངོ་།།
73a4 6། དཔོན་གཡོག་སྒྲའི་དམ་ཚིག་ནི།། རུ་ཧུ་རྡོ་རྗེ་པདྨ་མི།། རྟག་ཏུ་བཅངས་ལ་བརྟེན་ཅིང་མཆོད།། དེ་དང་བྲལ་དུ་མི་རུང་ངོ་།། རྣལ་འབྱོར་དངོས་གྲུབ་ཐོབ་བྱའི་ཕྱིར།། སྐུགསུང་ཐུགས་ཀྱི་དམ་ཚིག་བསྟན།
73a5 བརྒྱ་བྱིན་དག་གི་རབ་ཞུས་པ།། དམ་ཚིག་ཉམས་པའི་སྐྱོན་ནི་གང་།། དམ་ཚིག་བསྲུང་བའི་ཡོན་ཏན་གང་།། འབྱུང་པོའི་གཙོ་བོས་བཤང་དུ་གསོལ།། ཕྱག་ན་རྡོ་རྗེས་བཀའ་སྩལ་པ།། རབ་ཏུ་བཤད
73a6 ཀྱི་བརྒྱ་བྱིན་ཉོན།། གཙོ་བོས་ཕྱག་ན་རྡོ་རྗེ་ཡིས།། སྐུའི་དམ་ཚིག་ཉམས་པ་ན།། མཐོ་རིས་གོ་འཕང་རྒྱུན་ལམ་ཆད།། གསུང་གི་དམ་ཚིག་ཉམས་པ་ན།། བསྒྲུབ་ཀྱང་དངོས་གྲུབ་མི་ཐོབ་ཅིང་།།
73a7 སྔགས་ལ་ནུས་མཐུ་མེད་པར་འོང་།། ཐུགས་ཀྱི་དམ་ཚིག་ཉམས་པ་ན།། མཁའ་འགྲོའི་ཆད་པས་རབ་བཅད་ནས།། ངེས་པར་རྡོ་རྗེ་དམྱལ་བར་སྐྱེ།། དངོས་གྲུབ་མེད་པར་བར་ཆོད་འབྱུང་།
iiif viewer powered by OpenSeadragon
72b - 73b