e-texts navigator
Collection
Volume
Page
Wylie

72b1 ཞིང་།། ཏ་གྷན་འབྲས་བུ་ལ་མི་སྨད།། དེ་ནས་རྗེ་མོའི་དམ་ཚིག་བཤད།། ལྷ་མོའི་སྐུའི་དམ་ཚིག་ནི།། བུང་བུ་ལ་ནི་བྱམས་པར་བྱ། ཁ་མུ་ཁྱིས་མི་མནན་ཅིང་།། བེར་དབྱུག་དག་གིས་མི་བརྡེག་གོ། རྨ་བྱའི
72b2 མདོངས་ནི་རྟག་ཏུ་བཅང་།། མ་མོའི་དཀྱིལ་འཁོར་མཐོང་གྱུར་ན།། མེ་ཏོག་སྐྱེས་ལྟར་དགའ་བར་བྱ།། རྟག་ཏུ་ཡི་དམ་མི་འདའ་བའི། ཞ་ག་རེ་ཕྱག་རྒྱ་གཉིས་གཉིས་རྟེན།། ལྷ་མོའི་གསུང་གི་དམ་ཚིག
72b3 ནི།། རྒྱུན་དུ་ཟླས་པ་བྱེད་པ་དང་།། ནེའུ་ལེ་མཐོང་ན་བསྟོད་པར་བྱ།། ཕྱག་རྒྱ་བསྟན་ཞིང་དགའ་བ་བྱ།། ཞིང་པགས་རྫས་ཀྱིས་རྨང་དུ་བྱ།། འཚུབ་མ་དག་དང་ཕྲད་གྱུར་ན།། བསྐྱེད་པར་མི་སྦྱང་རྒྱབ་མི་བསྟན།།
72b4 བསྟོད་པར་བྱ་ཞིང་ཕྱག་རྒྱ་བསྟན།། ཆེས་ཤིས་དང་ནི་ན་མགུང་ལ།། ཕྱག་རྒྱ་བསྟན་ཞིང་བསྟོད་པ་བྱ།། ལྷ་མོའི་ཐུགས་ཀྱིས་དམཆེག་ནི།། འཇིག་རྟེན་གང་དང་གང་དག་ནི།། བུད་མེད་ལྕགས་ས་ཡོད་པ་ལ།
72b5 བྱམས་པར་བྱ་ཞིང་ཆགས་མི་སྤྱད།། རྟག་ཏུ་བུ་མོ་གཙང་མ་བསྟན།། མ་མོ་ཟླ་མཚན་རྒྱུ་དུས་སུ།། གསང་བའི་མཆོད་པ་ག་ཚིག་བསྲེ།། ལྷ་མོའི་ཁོལ་མོ་ར་མ་ཏིའི།། དེའི་སྐུའི་དམ་ཚིག་ནི།། བྱིས་པ
72b6 དག་ནི་རྣལ་དྲུག་ལ།། གོས་དང་ཁ་ཟས་འགྲོན་བུ་བྱིན།། རྟག་པར་དེ་ལ་བྱམས་པར་བྱ།། ཤིང་ལོ་སོར་བཞི་སྐེད་པ་བཅད།། བྱེད་ལ་མ་མའི་སྐུ་བྲིས་ཏེ།། བྱེད་ལ་དངོས་གྲུབ་གསོལ་བྱང་འབྲི།། དེ་ནི་རྟག
72b7 ཏུ་བཅང་བར་བྱ།། ཁོལ་མོའི་གསུང་གི་དམ་ཚིག་ནི།། མ་ཐེམས་བར་དུ་སྲོག་སྙིང་དྲང་།། ནུབ་རེ་གཏོར་མ་འདའ་མི་རུང་། ཁ་འཕྲུ་དག་ཀྱང་བསྲེ་བ་མིན།། ཕྲེང་བ་ལ་ཡང་རེག་པ་སྲུང་།། བདག་གི་དགྲལ་རྦང




iiif viewer powered by OpenSeadragon

72a - 73a

Texts on this page