| | e-texts navigator
|
72a1 ཡེ་ཤེས་ཧཱུཾ་དང་ཨཾ་གཉིས་ལས།། རྡོ་རྗེས་པདྨ་རབ་ཏུ་དཀྲུགས་ནས་ཀྱང་།། ཟླ་བ་མཁའ་འགྲོ་རབ་ཏུ་མཉེས་གྱུར་ཏེ།། ཐུགས་རྗེ་ཐིག་ལེས་བདག་གི་གཟི་བྱིན
72a2 བརྩེད།། ཐུགས་ཀྱི་དངོས་གྲུབ་ཐོབ་པའི་མན་ངག་གོ། མ་ཧཱ་ཀཱ་ལི་ས་མ་བྷོ་དེ་ཙིཏྟ། མཧཱ་པུ་ཙ་གུ་ཡ་སྟམ། སྤྲོ་བའོ།། མ་ཧཱ་ཀཱ་ལི་ས་མ་ཡ་མཧཱ་རཀྟ་ཧྱ་སྟཾ་ཨ་ཝེ་ཤ་ཨ། བསྡུས་པའོ།། མཁའ་འགྲོ
72a3 མ་མེ་ལྕེ་འབར་བའི་རྒྱུད་ལས། མཆོད་པའི་ལེའུ་སྟེ་བཅུ་པའོ།། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ངེས། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ།། ཡེ་ཤེས་ལྔ་ལྡན་དཔལ་ལྡན་ཐུགས
72a4 རྗེ་ཅན།། དཔལ་ལྡན་མི་སྐྱོད་རྡོ་རྗེ་སེམས་དཔའ་ཁྱོད།། རྡོ་རྗེ་མཁའ་འགྲོ་རྣལ་འབྱོར་མ།། སྲོག་དང་འདྲ་བའི་དམ་ཚིག་བདག་ཉན་འཚལ།། ཞེས་གསོལ་པ་དང་། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ། མཁའ་འགྲོ
72a5 མའི་དམ་ཚིག་ནི།། གསང་བའི་ཕྱག་རྒྱ་འདའ་ཀ་ལ།། མི་ཤིགས་རྒྱལ་པོས་དབང་བསྐུར་ཏེ།། རྡོ་རྗེ་མཚན་མ་འཇོམས་པའི་རྒྱ།། དམ་ཚིག་དེ་ཉིད་རབ་བཤད་བྱ།། འདས་ན་རྡོ་རྗེ་དམྱལ་བའོ།། མ་འདས་དངོས་གྲུབ
72a6 དམ་པའི་རྒྱུ།། གཙོ་བོ་ཕྱག་ན་རྡོ་རྗེ་དང་།། ལྷ་མོ་ནག་མོ་དཔོན་གཡོགས་ལ།། སྐུ་གསུང་ཐུགས་ཀྱི་དམ་ཚིག་སྟེ།། གཙོ་བོ་སྐུའི་དམ་ཚིག་ནི།། སྐུའི་ཕྱག་རྒྱ་མི་སྤོང་ཞིང་།། ལྷ་དང་སློབ་དཔོན་མཉེས་པར་བྱ།། རྡོ་རྗེ་སྤུན
72a7 ལ་གདུང་བ་བསྐྱེད།། གཙོ་བོ་གསུང་གི་དམ་ཚིག་ནི།། ཟླས་བརྗོད་བསྙེན་པ་རྒྱུན་མི་བཅང་།། མ་ཡེངས་རྫུན་སྤངས་གསང་སྔགས་འཛིན།། གཙོ་བོ་ཐུགས་ཀྱི་དམ་ཚིག་ནི།། གསང་བ་གཞན་པ་མི་སྤེལ
iiif viewer powered by OpenSeadragon
71b - 72b