| | e-texts navigator
|
71a1 @མཐེ་བོང་མཛུབ་མོ་བཀུག་ན་ཟླུམ་བྱས་ཏེ།། བཀུག་ནས་སྲིན་ལག་གཉིས་བཅུག་མིག་འབྲས་འདྲ།། གུང་མོ་མཐེའུ་ཆུང་གཉིས་ནི་ཐོད་རློན་།
71a2 དངོས་གྲུབ་བླངས་པའི་བདུད་རྩི་སྣུམ་པའི།། ལག་གཉིས་སོར་བཅུ་རྩི་བསྡུས་ལག་དཟུས།། མཚན་ངན་ཟློག་པའི་ཤ+འུལ་བྱས་ནི།། ལག་སེ་ལ་སོ་མཛེ་མཛུབ་སྲིན་ལག་མཐི་འདྲུད་ཕྱུ
71a3 མཐེ་བོང་གོང་མོ་མཐེའུ་ཆུང་ཕྱེར་ལ་བསྒྲེང་།། མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས།། གསང་བ་ཕྱག་རྒྱ་བསྟན་པའི་ལེའུ་སྟེ་དགུ་པའོ།། ། དེ་ནས་ལྷའི་དབང་པོ་བརྒྱ
71a4 བྱིན་གྱིས།། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ།། སྟོབས་པོ་ཆེ་ལ་གནོད་སྦྱིན་དྲག་ཤུལ་ཅན།། རིགས་སྔགས་གསང་སྔགས་ཚོགས་ཀྱི་བདག་མོ་ཡིས།། རྡོ་རྗེ་མཁའ་འགྲོ་མཉེས
71a5 པར་བྱ་བའི་ཕྱིར།། མཆོད་པའི་རིམ་པ་བདག་ལྔ་བཤད་དུ་གསོལ།། ཅེས་གསོལ་པ་དང་། དཔལ་ཕྱག་ན་རྡོ་རྗེ་སྐུ་བཀའ་སྤྲུལ་པ། རྡོ་རྗེ་མཁའ་འགྲོ་དངོས་གྲུབ་མྱུར་བའི་ཕྱིར།། པཉེས་པར
71a6 བྱས་ལ་མཆོད་པ་རྟག་ཏུ་དབུལ།། དང་པོ་རྫས་ཀྱི་མཆོད་པ་དབུལ།། གཉིས་པ་ལ་ནི་སྦྱིན་སྲེག་དབུལ་བའོ།། དེ་ནི་གསུམ་པོ་གསང་བའི་མཆོད་པའོ།། དང་པོར་གཏོར་མ་ཤ་ལྔ་བདུད་རྩི་ལྔ།
71a7 མཆོད་པའི་རྫས་དང་ཛཾ་གང་རཀྟ་རྣམས།། པདྨ་མཛེས་པའི་གནོད་དུ་བཀང་བྱས་ལ།། རླུང་གིས་མེ་ལྕེ་ཨེ་ཡིས་ཐོད་པ་བསྐོལ།། ཧཱུཾ་གིས་རྡོ་རྗེ་རབ་ཏུ་བཀྲུགས་ནས་ཀྱང་།། ཨ་ད་ཀར
iiif viewer powered by OpenSeadragon
70b - 71b