e-texts navigator
Collection
Volume
Page
Wylie

70b1 ཕྱག་ན་རྡོ་རྗེའི་རྒྱ།། དེ་ནས་རླུང་དམར་འཆུབ་པའི་ཕྱག་རྒྱ་ནི།། ལག་པ་ཐལ་སྦྱར་གྲངས་སྲུང་བསྒྲེང་བ་དང་།། མཐེའུ་ཆུང་སྲིན་ལག་ཚིགས་བསྣོལ་བགྲད་དེ་བརྐྱང་།། མཐེ་བོང་གུང་གཏད་མཛུབ
70b2 མོ་གཉིས་བསྒྲེང་བརྗོད།། རྩེ་མོ་དགུ་ལ་རླུང་གིས་ཕྱག་རྒྱའོ།། མེའི་རྨུ་གནོག་འབར་བའི་ཕྱག་རྒྱ་ནི།། མཛུབ་གཉིས་སོར་མོ་ཐུར་དུ་བཀུག་བྱས་ཏེ།། མཐེ་བོང་བཀུག་སྟེ་སྲིན་ལག་དེ་ལ་ག་ཏད།
70b3 གླང་མོ་མཐེའུ་ཆུང་བསྒྲེང་སྟེ་བརྐྱང་བའོ།། ལྷ་མོ་ནག་མོར་ལ་གྲིའི་ཕྱག་རྒྱ་ནི།། ལག་གཡས་མཐེའུ་ཆུང་བཀུག་སྟེ་མཐེ་བོས་མནན།། གུང་མོ་མཛུབ་སྲིན་ལག་གཤིབས་ཏེ་བསྒྲེང་བའོ།། ཁོལ་མོ་རམ
70b4 ཏིའི་ཕྱག་རྒྱ་ནི།། ལག་གི་ལས་མཛུབ་དགུག་མཐེ་བོས་གནན་བྱས་ཏེ།། ལྷག་མ་གསུམ་ནི་གཤིབས་རྒྱང་ཁྲམཱ་བམ་མོ།། མ་མོ་དགུགས་པའི་ལྷའི་ཕྱག་རྒྱ་ནི།། ལག་གཉིས་རྒྱབ་སྦྲང་མཐེའུ་ཆུང
70b5 སྦྲེལ་ནས་ནི།། མཛུབ་མོ་གཉིས་བཀུག་གུང་སྲིན་མཐེབ་མོས་བསྡུ།། བརྒྱད་སྟེ་ཕྲལ་ནས་སྙིང་ཀཱར་ལཱུ་གཉིས།། ཟིལ་གྱིས་གནོན་པའི་ཁྱུད་གཤོག་ཕྱག་རྒྱ་ནི།། མཐེ་བོང་གཉིས་གཤིབས་སོར
70b6 མོ་ག་ཤོག་ཏར་བརྐྱང་།། གདན་མཆོག་བོང་བུ་དག་གིས་ཕྱག་རྒྱ་ནི།། མཐེའུ་ཆུང་བསྣོལ་བས་སྲིན་ལག་སྟན་བྱས་ཏེ།། སྲིན་ལག་ཐོར་ཏེ་ཐེབ་མོས་མནན་པའོ།། དེ་ནི་གུང་མོ་གཉིས་ཀྱང་ནང
70b7 དུ་བསྟན།། བྱིན་བརླབས་དབང་བསྐུར་ཐོད་ཕྲེང་ཕྱག་རྒྱ་ནི།། ལག་པ་གཡས་གཡོན་ཁུ་ཚུར་བཅངས་པ་ལ།། མཐེ་མཛུབ་བཞི་པོ་ལྕུག་བཞིན་སྦྲེལ།། ལག་གཉིས་ཐོད་རློན་དམ་ཚིག་ཕྱག་རྒྱ་ནི།




iiif viewer powered by OpenSeadragon

70a - 71a

Texts on this page