e-texts navigator
Collection
Volume
Page
Wylie

69a1 བྷྱས་པ།། གཏོར་ས་དང་ནི་སྦྱིན་སྲེག་དག་གིས་མཆོད།། དེས་ནི་དྲུག་རྡོ་རྗེའི་གྲུབ་པ་ཐོག། ལྷ་མོ་དགུག་ཅིང་དབང་དུ་བྱེད་པར་ནུས།། དེ་ནས་ཏོང་གིས་ལྷ་མོ་སྔགས་པ
69a2 འཇུག། སྔགས་ནི་དཔོན་མོའི་སྙིང་དང་ཁོལ་མོའི་སྲོག། སྔོན་དུ་འགུགས་པ་དྲོག་གི་སྙིང་པོའི་སྔགས།། གཙོ་མོ་སྤྱན་འདྲེན་གཡོག་མོ་འབོད་པའི་སྔགས།། མི་གཡོ་བརྟན་པ་རྡོ་རྗེ་གདན་གྱིས་སྔགས།། མ
69a3 པར་བྱ་ཕྱིར་གཏོར་འབུལ་བའི་སྔགས།། གོང་དུ་དབང་བསྐུར་དམ་ལ་གདགས་པའི་སྔགས།། མེངག་གཞུག་ཕན་ཡོན་ལས་ལ་བསྐུར་བའི་སྔགས།། མིང་བྱ་དབང་མོང་གནང་ལས་བསྐུལ་བའི་སྔགས།། སྐུ
69a4 གསུང་ཐུགས་ཀྱིས་དངོས་གྲུབ་བླང་བའི་སྔགས།། ཞབས་ལ་བསྡུད་པ་སློབ་མ་དབང་བསྐུར་སྔགས། ལྷ་དང་ཉམས་ལེན་རྟགས་པའི་སྔགས།། བརྡའ་དང་མཆོད་རྡོ་རྗེ་ངའི་སྔགས།། བར་ཅོད་མཚན་མ་ངན
69a5 བཟློག་པའི་སྔགས།། བཅུ་གཉིས་རྡོ་རྗེ་གཱ་སང་སྔགས་བཤད་པར་བྱ།། དཔལ་ལྡན་ལྷ་མོ་ནག་མོ་སྲོག་སྙིང་ལ།། ཨོཾ་རུ་རུ་བེ་ཏིཥྛ་བ་ཏོ་སོ། རུ་རུ་རོ་དུ་བེ་ཏིཥྛ་བ་ཏོ་སི་ཙ་སེ་ལ་ཨ་ཤུག་མེ་བྷྱོ་ཛ། ཁོལ་མོ་རེ་མ་ཏི
69a6 སྲོག་སྙིང་ལ།། ཨོཾ་རུ་རུ་རོ་བོ་རོ་རུཙྪི་ཏི་སེ། རིགེ་མོ་ཙ་ཏིར་ཁ་རག་ཧཱུཾ་བྷྱོ།། མ་མ་ཐེག་ཤཾ་ཁ་མུན་ཏྲ་བཏྲ་བཾ། ཏྲག་རཱགཱ་ཙོཏྟ་ཁ་རག་མ་རེ་ཏི་ས་རྦ། སྲ་མ་མཧཱ་མྦཱི་པར་དཱུན་དྷོ་རུ་སྱཱ་ཛཿ། འདོན་སྲོག་གིས་སྙིང་ལས
69a7 འདྲེན་པའི་སྔགས་ཡིན་ཏེ། ས་མི་ཡ་ཟླས་ནས་མ་མོ་སྔོན་དུ་འོང་།། བྱེ་བ་བཟླས་ན་སྟོན་པར་བྱེད།། འབུམ་གྱི་ཀྱང་དངོས་གྲུབ་མཚན་མར་སྟེར།། ཁོལ་མོའི་སྙིང་པོ་ཟླས་མ་ཐོག་ནས་འོང་།། ས་ཡ




iiif viewer powered by OpenSeadragon

68b - 69b

Texts on this page