e-texts navigator
Collection
Volume
Page
Wylie

68b1 དེའི་བྲེ་ན་སྔོན་མོ་རླུང་གི་ག་ཤོག་ཅ་ནོ།། དེའི་སྟེང་དུ་བསེའི་གདུན་ནོ།། དེའི་སྟེང་དུ་ས་ནས་མོ་བ་སྔོ་བསྡུ་ལས། རནཥེ་མདྷིཥྚ། ཞེས་པ་ལས་བདུད་ཀྱི་བུ་མ་མ་ཏི་ཞེས་བ་དྷེ། ནག་མོ་རལ་པ་ཁམ་ནགས།
68b2 མེ་སྟག་རིན་པོ་ཆེ་བརྒྱན་པ། མིག་དམར་བ་མཆེ་བ་གཅིག་པ། རེ་ལྡེ་ནག་པོ་དང་མི་ལྤགས་གྱོན་པ། ཡིག་ན་ཁྲམ་བཾ་དང་ཤོ་རྡོ་ཐོགས། སྦྲུལ་གྱིས་གདེངས་ཀ་དང་། ཉི་ཟླའི་ཐོད་གདེངས་ཅན། ནད་ཀྱི་ཁ་བླངས
68b3 ཅན། སྟག་གི་ཤམ་བུ་དང་། ཟངས་ཀྱི་གུ་གུ་དང་ལྡན་པ་བསྐྱེད་དོ།། བྷྱོ་བྷཱུ་ནྡྷ་བྷྱོ། ཞེས་བརྗོད་པས། འཁོར་ནག་མོ་བདུན་འབུམ་བསྐྱེད་དོ།། མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས། ཏིང་ངེ་འཛིན
68b4 བསྟན་པའི་ལེའུ་སྟེ་བདུན་པའོ།། ། དེ་ནསོ་ལྷའི་དབང་པོ་བརྒྱ་བྱིན་གྱིས། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ།། མཉམ་ཉིད་རྡོ་རྗེ་སྐྱེ་བཞེངས་གསང་བའི་ལྷ། མཚན་མ
68b5 འཇོམས་པའི་དཔའ་བརྟན་དྲག་ཤུལ་ཅན།། རྡོ་རྗེ་མཁའ་འགྲོ་མེ་ལྕེ་འབར་བ་ཡིས།། སྲོག་སྙིང་བསྒྲུབ་པའི་སྔགས་རྣམས་བཤད་པར་ཞུ།། ཞེས་ཞུས་པས། ཕྱག་ན་རྡོ་རྗེས་བཀའ་སྩལ་པ། སྔགས
68b6 ཞེས་བྱ་བ་མཁའ་འགྲོའི་སྲོག་རྩ་ཡིན། གྲངས་ཀྱང་མང་ལ་ཟུར་ཀྱང་མ་ཆག་སྟེ། གུག་སྐྱེད་ཚིག་པར་དག་ཀྱང་མ་ཉམས་ན།། ལྷ་མོ་ནག་མོ་སྔོན་དུ་འགུགས་པ་ཡིན།། ཞེས་བཀའ་སྩལ་ཏོ།། ཕྱག་ན་རྫ
68b7 རྗེ་དེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བཞུགས་ནས། ཕྱག་ན་རྡོ་རྗེ་རང་གི་སྙིང་པོ་འདི་ཐུངས་ཁ་ནས་ཕྱུང་ངོ་།། ཨོཾ་བཛྲ་ཙཎྜ་མ་ཧ་རོ་ཥ་ན་ཧཱུཾ། གཙོ་བོ་ཕྱག་ན་རྡོ་རྗེའི་སྙིང་པོ་ནི།། སྔོན་དུ་འབུམ་ཚོ་འདུན་དུ་བཟླས




iiif viewer powered by OpenSeadragon

68a - 69a

Texts on this page