e-texts navigator
Collection
Volume
Page
Wylie

5b1 སྣ་དྲངས་ལ། སྨོད་དང་བཅོལ་བའི་ཆང་གི་མར་མེ་དང་།། རོལ་ཆ་ཅི་ཡང་འབུད།། ལས་རྣམས་བྱ།། གཏོར་མ་བྱ།། ལས་མགོན་རྦད།། ཡུལ་ཁམས་བསྐོར་ལ་གཙང་སར་བསྐྱལ།། རིམས་དང་འཁྲུགས་པ
5b2 ཞི་བར་བྱེད།། ལས་ཀྱི་མགོན་པོ་བྱ་རོག་དོང་།། མཐའ་མར་རྒྱལ་པོ་རྣམ་ཐོས་སྲས་ཀྱི་ཐུགས་ཁར་ཐིམ་མོ།། རྣམ་ཐོས་སྲས་ཀྱི་སླར་བཅོམ་ལྡན་འདས་ལ་གསོལ་པ།། ལྔ་བརྒྱ་དུས་ཀྱི་ཐ་མ་བྱུང་བའི་ཚེ།།
5b3 དགེ་འདུན་མི་བཙུན་ཆོས་མི་དར།། དུས་ངནཱ་སྡེ་འཁྲུག་མཚོན་གྱི་གསོད།། སེར་ཆགས་རྣམས་ནི་མཚོན་གྱི་གསོད།། སྐྱེ་བོ་རྣམས་ནི་དུག་གིས་གསོད།། སྔགས་དང་རྒྱུད་སྡེ་ནུབ་ནས་ནི།། མུ་སྟེགས་ལོག་ཆོས
5b4 དར་བའི་དུས།། དེ་དུས་བསྟན་པ་འདི་ཡི་ས་བསྲུང་།། ཞེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རྣམས་ཐོས་སྲས་བུ་གནོད་སྦྱིན་གྱི་གསུས་པ་ཅན།། ངའི་འཁོར་རྣམ་བཞི་ཁྱེད་ཀྱིས
5b5 སྐྱོངས་ཤིག། དགེ་འདུན་གྱི་བསྟན་པ་ཁྱེད་ལ་གཏང་ངོ་།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་གསུང་བ་ལ་མངོན་པར་བསྟོད་དོ།། ལས་ཀྱིས་མགོན་པོ་བྱ་རོག་གདོང་ཅན་གྱི་རྒྱུད་ལས།། རྗེས
5b6 སུ་ཡི་རངས་པའི་ལེའུ་སྟེ་བཅོ་ལྔ་པའོ།། །། ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་གྱི་རྒྱུད་ཅེས་བྱ་བ་རྫོགས་སྷོ།། སྣ་སྣེ་གྱི་བསྒྱུར་བའོ།། རྒྱ་གར་སྐད་དུ།། ཨེ་ཀ་ཛཱ་ཊི་མ་ཧཱ་མོ་གཽ་ཤྭ་རི་ཏནྡ།། ད
5b7 སྐད་དུ།། རྣལ་འབྱོར་དབང་ཕྱུག་ཆེན་མོ་རལ་གཅིག་མའི་རྒྱུད།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་དུས་གཅིག་ན།། བཅོམ་ལྡན་འདས་དེ




iiif viewer powered by OpenSeadragon

5a - 6a

Texts on this page

Gkk3.1 - nag po chen po las mgon bya rog gdong gi rgyud
Gkk3.2 - rnal 'byor dbang phyug chen mo ral gcig ma'i rgyud