e-texts navigator
Collection
Volume
Page
Wylie

5a1 འབོད་ན་གསང་རྟེན་ལུས་ལ་ཅང་།། མི་སྙིང་སྤྲུལ་ན་དུས་གསུམ་གཏོར་མ་གཏང་།། དངོས་གྲུབ་འདོད་ན་མཆོད་པ་དྲག་ཏུ་རྦང་།། དང་པོ་སྙེན་པའི་ལས་ནི་ཤིན་ཏུ་གཅེས།
5a2 ནག་གཡག་ནག་མོན་ནག་དང་།། མ་མོ་གླུ་ལེན་གར་བྱེད་དང་།། རྩ་སཱ་སྱཱམྦྷ་ཕུད་དང་།། སད་དང་སེར་བ་དངོས་སུ་འོང་བ་དང་།། ཐོག་དང་འུར་སྒྲ་ཆེམས་སྒྲ་དང་།། དར་ནག་ཐོགས་དང་དུང་དཀར་ཐོགས་པ་དང་།། ལྕེ་ལ
5a3 མེ་ཏོག་སྐྱེས་པ་དང་།། རྒྱལ་པོའི་ཚུལ་དུ་དབང་བསྐུར་རོ།། ལུང་སྟན་བྱུང་ནས་བཀའ་ཉན་འབོད།། མི་ལྟས་གསལ་བར་སྟོན་པ་ནི།། ལས་ཀྱི་མགོན་པོ་བྱ་རོག་གདོང་གིས་ལྟས།། དངོས་སུ་བྱང་ན་མ་མོའི་ལྟས།།
5a4 དེས་ནི་གང་ལའང་ཐོགས་པ་མེད།། ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་གྱི་རྒྱུད་ལས་རྨིས་ལྟས་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །། མཛེ་ཐོང་རྒྱལ་པོ་ཤ་མེད་ལ།། ལས་ཀྱི་མགོན་པོ་ཡབ་ཡུབ་སྦྱར།
5a5 དྲུག་དང་བྱང་མ་སྐེ་ཚེ་དང་།། ཉ་དང་ལྕོང་སྦྲུལ་སྦལ་པའི་ཤ།། ལིད་གཏུམས་ནས་སྦལ་པའི་གཟུགས།། འོ་མ་མངར་གསུམ་སྦྲང་རྩིས་མཆོད།། ཨོཾ་མ་ཧཱ་ཀཱ་ལ་ནག་མཱ་ར་ཡ་ཏྲག་ཤང་བྲུཾ་ཐུ་ཚོང་ཆོད།། རྩས་སྒྲོབ
5a6 ནག་གུར་ལིང་ལིང་།། འཇིབ་འཇིབ། ཏྲ་ག་ཤ་མར་ཡན་གཅད་ནས་ཆོད།། ཏྲག་ཤད་ཆེ་གེ་མོའི་ཙིཏྟ་ཧུར་ཐུམས་ཆོང་ཟད་སོང།། ཅེས་ཐུན་བྲབ་པོ།། བསྐྱེད་ཅིང་བསྟིམ་པ་དང་།། མཆོད་ཅིང་རྦང་པའོ།། ལས་ཀྱི
5a7 མགོན་པོ་བྱ་རོག་གདོང་ཅན་གྱི་རྒྱུད་ལས།། མནན་པའི་ལེའུ་སྟེ་བཅུ་བཞི་པའོ།། །། འབྲས་ཆན་ཞོ་དང་འོ་མ་དང་།། ཏིལ་དང་ནས་དང་གྲོ་དང་།། དེ་ལ་གཏོར་མ་ཆེན་རབ་ཏུ་བྱ།། འབྲུ་བདུན་རྣམས་ཀྱིས




iiif viewer powered by OpenSeadragon

4b - 5b

Texts on this page

Gkk3.1 - nag po chen po las mgon bya rog gdong gi rgyud