| | e-texts navigator
|
4b1 ནག་དུག་དང་ཁྲག། ལུག་ནག་སྙིང་དང་གཡག་ནག་སྙིང་།། ཕོ་རོག་ནག་པོའི་སྙིང་དག་ལ། ཁྲག་གི་གང་བ་གཡག་རུ་ཐུགས།། ཡང་ན་བ་ལིང་ནང་དུ་དཔག།། རབས་ཆང་ཕོ་མོའི་ཐོད་པ་རུ།། གསེར་གྱི་ཐུན་རྣམས་སྦེང
4b2 པར་བྱ།། ཡུལ་མིའི་སྒྲོག་དང་ལུང་བསྲུང་མི།། ཐུན་གྱིས་ནང་དུ་གཞུག་པར་བྱ།། རང་ཉིད་ཡེ་ཤེས་མགོན་པོར་བསྐྱེད།། འཇིག་རྟེན་མངོན་པོ་ལྷ་སྲིན་སྡེ་བརྒྱད་དོ།། གསེར་གྱི་རི་བདུན་སྟེང་ནས་གསེར་གྱི་བོར་བ་ཐོགས།།
4b3 དམིགས་པའི་ལོ་ཏོག་མ་ལུས་འཇོམས།། ཨོཾ་མ་ཧཱ་ཀ་ལ་ཏྲ་ག་ཤད་དོམ་སྐྲ་དུང་ཕྲོ།། མ་ཧཱ་ཀཱ་ལ་སེར་ཕྲོ།། ཤུད་ཏ་ཕྲོ།། ཤར་ཤར་ཏྲག་ཏུ་ཕོག། ནལ་ན་ལ།། ཚོ་ཆེ། ཕྲོ་ཕྲོ། ཤར་ཤར། ནག་ནག་དུ་ཕྲོ། གུ་ན་ཧ་ཏ་ཏྲག
4b4 ཤད་ལིང་ལིང་། འུར་འུར། ཟློག་ཟློག། འཁྲུག་བྱེད་ལིང་ཡིང་། ཕུཿཕུཿན་ག་ཧུར་ཐུམས་ཚོ་ཚེ། ནལ་ཕྲོ་ནལ་ཕྲོ།། སརྦ་ཏ་ཧཱུཾ་ཨ་མུ་ཀའི་ལེ་ཏོག་སྣ་ཚོགས་ལ། མ་ཧཱ་ཀཱ་ལ་དཱ་ཕེང་། ཤ་ཤ་ཤ་ཤུ། གིང་ཀར། མ་རུ
4b5 ཙི་ཙི། ད་པར་ག་ཕྲོ་ཕྲོན་གཤང་ས་ཧོ་ལ། མ་མ་ཏྲག་མོ་ཛ་ཛ་ཕོབ་ཕོག། ཞེས་བཏགས་ལ་མ་ཐུབ་བར་དུ་བཟླས་སོ།། གཟའ་བདུད་རཱ་ཧུ་ལ་དང་སྦྱར་རོ།། ཐུན་ལ་འོད་འབྱུང་གྲོག་གིས་བར་སྣང་ཁེབས།། འབྲུག་གིས་ས་གཡོ
4b6 ཐུན་སེར་བ་དངོས་སུ་དབབ་པའོ།། ལས་ཀྱི་མགོན་པོ་བྱ་རོག་གདོངས་ཅན་གྱི་རྒྱུད་ལས་སེར་བ་དབབ་པའི་ལེའུ་སྟེ་བཅུ་གཉིས་པའོ།། །། ཡེ་ཤེས་མགོན་པོ་ས་བཅུའི་སེམས་དཔའོ།། འཇིག་རྟེན་མགོན་པོ
4b7 ལྷ་སྲིན་སྡེ་བརྒྱད་དོ།། ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་ཡིན།། མ་མོ་ཅི་སྒྲོག་ཁྲག་འཇིབ་ལས་བྱེད་དོ།། ཆོས་སྐོར་བསྲུང་ནས་ཆོས་ལ་གཉེར་གཏད་བྱ།། སྒོ་ནོར་བསྲུང་ན་བརྟེན་གསུམ་རྟག་ཏུ་བཟུང་།། གར་འདོད
iiif viewer powered by OpenSeadragon
4a - 5a