| | e-texts navigator
|
4a1 ཧི་ཁཱ་ཧི། ཨོཾ་མ་ཧཱ་ཀཱ་ལ་པ་ཙ་པ་ཙ། ཆེ་གེ་མོའི་གོར་ཙན་ལ་ཁ་ཀ་ཥ་ཧི་ཥཱ་ཧི། ཨོཾ་མ་ཧཱ་ཀཱ་ལ་མ་ར་ཡ་མ་ར་ཡ། ཆེགེ་མོའི་བསུ་ཏ་ལ་ཁ་ཁ་ཁ་ཧི་ཥ་ཧི། ལས་ཀྱི་མགོན་པོ་བྱརན།
4a2 གདོང་ཅན་གྱི་རྒྱུད་ལས་སྔགས་ཀྱིས་སད་པའི་ལེའུ་སྟེ་དགུ་པའོ།། །། དེ་ནས་ཟློག་པར་འདོད་ན།། དུག་དང་ཁྲག་དང་སྐྱེ་ཚེ་དང་། ཉུངས་ཀ་ཉུངས་ནག་བྲའོ་དང་། འབྲས་ཀྱི་ཆན་ལ་གཏོར་མ་བྱ།།
4a3 མགོན་པོ་ཡབ་ཡུམ་ཁ་སྦྱར་ལ།། དམ་ཚིག་མགོན་པོ་ཧཱུཾ་ལས་སྐྱེད་།། ཡེ་ཤེས་མགོན་པོ་སྤྱན་དྲངས་བསྟིམ།། འཇིག་རྟེན་མགོན་པོ་གཏོར་མས་མཆོད།། ལས་ཀྱི་མགོན་པོ་རྦད་པ་ནི། མ་ཧཱ་ཀཱ་ལ་ཏྲ་ག་ཤ
4a4 འམདཾ་ཏ་ཏྲག་ལིང་། མོ་མ་ལིང་ལིང་། ལྕིབ་ལྕིབ་ཚོང་ཆོད། ཐུ་ཐུ་མ་ར་ཡ་ཟློག་ཟློག། གཏོར་ཚུགས་འོག་ཏུ་དབབ་པའོ།། ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་གྱི་རྒྱུད་ལས་ཟློག་པའི་ལེའུ་སྟེ་གུ
4a5 པའོ།། ། དེ་ནས་ལས་བྱེད་དུ་མ་འདོད་ན།། རང་ཉིད་དམ་ཚིག་མགོན་པོར་བསྐྱེད།། ཡེ་ཤེས་མགོན་པོ་སྤྱན་དྲངས་མཆོད།། འཇིག་རྟེན་མགོན་པོ་གཏོར་མས་མཆོད།། ལས་ཀྱི་མགོན་པོ་གྲུབ
4a6 པར་བྱ།། པ་ཆུད་བྱིན་གུ་ལ་ཀདྷ་ནཱ~ཾ། ཤད་མ་ལྕིབ་སྐྱིབ་ཆོད་ཚོད། ཧཱུཾ་ཐཱ་གིང་ཀ་བིང་ཀར།། ཐུན་རྫས་མགྲོན་པོའི་གཟུགས་ལ་རྗོག་ཅིང་ལིང་ག་ལ་ཟབ་བོ།། སུམ་ལི་ཟང་ངོ་།། དེའི
4a7 དབང་མེད་པར་ལས་བྱེད་དོ།། ལས་ཀྱི་མངོན་པོ་བྱ་རོག་གདོང་ཅན་གྱི་རྒྱུད་མོས།། ལྷག་ནས་ལ་དབབ་པོའི་ལེའུ་སྡེ་བཅུ་གཅིག་པའོ།། དེ་ནས་ཐུན་གྱིས་སྒྲུབ་པ་ནི། བྱང་ག་རྒྱ
iiif viewer powered by OpenSeadragon
3b - 4b