e-texts navigator
Collection
Volume
Page
Wylie

3b1 ན་ཧྲི་ཏ་ཧཱུཾ་ཕཊ། གྲིཧྞ་གྲིཧྞ།། ཧ་ན་ཧ་ན། ད་ཧ་དཧ། པ་ཙ་པ་ཙ། མར་ཡ་མ་ར་ཡ། ཆེ་གེ་མོ་དོ་ཏྲི་མྲི་ཏ་ཀུ་རུ་ཧཱུཾ་ཕཿ། ཅེས་བསྲེག་པར་བྱེད་དོ།། ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་གྱི་རྒྱུད་ལས།། སྦྱིན་སྲེག་གི་ལེའུ
3b2 སྟེ་དྲུག་པའོ།། ། ཧཱུཾ་ལས་ཀྱི་མགོན་པོ་བྱ་རོག་གདོང་།། གྲི་གུག་ཟོང་པ་ལག་ན་ཐོགས།། དམིགས་པའི་ངན་སྒྲོལ་སྐད་ཅིང་ཟ།། དེའི་རྒྱུ་མ་འདྲེན་པར་བྱེད།། རྐང་དང་རྒྱ་མ་སྔོ་ཅིང་འཆའ།། ཡུམ་ནི་གསོད་བྱེད
3b3 ཁྲག་འཇེབ་མ།། ཕྱག་བཞི་རྐང་དང་སྙིང་དང་ཁྲག། མ་མོ་རྣམས་ཀྱི་ཤ་ལ་རོལ།། དུར་ཁྲོད་ཅེ་སྤྱང་གླིང་དུ་རྣམས།། དབང་པོ་རྣམས་དང་ནང་གྲོལ་གྲགས།། འབྱུང་པོ་རྣམས་ཀྱི་ཤ་ཁྲག་སྤྱོད།། མཆོད་པ་བསྟོད་པ
3b4 དྲག་སྔགས་རྣམས་དྲང་།། ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་གྱི་རྒྱུད་ལས།། ཏིང་ངེ་འཛིན་བསད་པའི་ལེའུ་སྟེ་བདུན་པའོ།། །། དེ་ནས་ཡང་དག་གནན་པ་ནི།། ས་ན་ག་དུར་ཁྲོད་རོ་སོལ་ལ།། དུག
3b5 དང་ཁྲག་གི་འདག་པ་བྱ། མཱར་ནག་བྱུགས་ལ་བྱི་བྱི་བྱ།། སྐོར་ཕོར་ནང་དུ་བཅུག་ལ་ནི།། མ་ཕྱུང་སྐྱེར་བའི་ཕུར་པ་ཡིས།། བུམ་པར་སླེབས་པར་བཅུག་བྱས་ལ།། དེ་བྱུང་ཤུལ་དུ་སྙིང་གཞུག། ཨོཾ་མ་ཧཱ་ཀ
3b6 ལ་དོ་ཤ་ཏྲག་ཤང་གིང་ཀ་གིང་ཀར་སྟམྦྷ་ནན་ཀུ་རུ་ལཾ། རྒྱུག་རྒྱུག། དྲེང་བྲེང་། ཧཱུཾ་བྲུ~ཾ་དྷོ་བྷྱོ། ཁྲ་གཽ་ལ་འཇིབ་འཇིག།། ཆོད་ཆོད། ཐུམ་ཐུམ། སྟམྦྷ་ནན། ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་གྱི་རྒྱུད་ལས་མནན
3b7 པའི་ལེའུ་སྟེ་བརྒྱད་པའོ།། ། ཨོཾ་མ་ཧཱ་ཀཱ་ལ་གྲྀཧྞ་གྲྀཧྞ་ཆེགེ་མོས་མ་ཡ་ཁ~ཾ་ཁ་ཥོ་ཧི་ཁཱ་ཧི། ཨོཾ་མཧཱ་ཀ་ལ་ཧ་ན་ཧ་མཆེག་མོའི་རཀྟ་ལ་ཁ་ས་ཁཱ་ཧི་ཁཱ་ཧི། ཨོཾ་མ་ཧཱ་ཀ་ལང་ཧ་ཧ། ཆེ་གེ་མོ་ཅཏྤ་ལ་ཁ་ར




iiif viewer powered by OpenSeadragon

3a - 4a

Texts on this page

Gkk3.1 - nag po chen po las mgon bya rog gdong gi rgyud