| | e-texts navigator
|
3a1 ཁྲག་སྣ་ཚོགས་པའི་གཏོར་མ་ལྕེ་རུ་དགོད།། སྙིང་སྣ་ཚོགས་པའི་གཏོར་མ་ནུབ་ཏུ་དགོད།། ནུས་པ་སྣ་ཚོགས་པའི་གཏོར་མ་བྱང་ཏུ་དགོད།། དེ་ལ་དམིགས་པས
3a2 བྱིན་གྱིས་བརླབ།། ཨོཾ་ཨ.ཱཿཧཾ།། སྦྲང་དང་སྦལ་དང་བདུད་རྩིར་བསྒྱུར།། ཨོཾ་མ་ཧཱ་ཀ་ལ་ཧ་ན་བཛྲ་གུ་ན་ཧི་ད་ཡ་གྲིཧྞ་གྲིཧྞ་ཧ་ན་ཧ་ནཾ།། ད་ཧེ་ད་ཧ།། པ་ཙ་པ་ཙ།། མཱ་ར་ཡ་མ་ར་ཡ།། ཆེ་གེ་མོ་མཾ་ས་ལ་ཁ་ཁ
3a3 ཧི་ཁཱ་ཧི།། རཀྟ་ལ།། ཙིཏྟ་ལ།། གོ་རོ་ཙ་ན་ལ་བ་སུ་ཏ་ལ་ཁ་ཁ་ཁཱ་ཧི་ཁཱི་ཧི།། ཅེས་དབུལ་བར་བྱའོ།། ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་གྱི་རྒྱུད་ལས།། གཏོར་མའི་ལེའུ་སྟེ་བཞི་པའོ།།
3a4 ཕྱི་ནང་གསང་བའི་རྟེན་རྣམས་ནི།། ཕྱིའི་རྟེན་ནི་ཡུག་ནག་པོ་དང་།། གཡག་ནག་པོ་ལ་སྙིང་པོ་བྲིས་ལ་རྟེན་དུ་གཟུགས།། ནང་གི་རྟེན་ནི་དར་ནག་དང་གསོབ་ལ་སྙིང་པོ་སྔགས་དང་བཅས་པ་བཅིང་།། གསང་བའི་རྟེན
3a5 ནི་གྲི་རྒོད་གཡུལ་དུ་ཤི་བའི་སྙིང་།། ནང་དུ་སྲོག་གི་སྙིང་པོ་བྲིས་ལ་བསྟིམ།། དར་ནག་གིས་ནི་དྲིལ་ལ་ལུས་ལ་བཅང་།། དེ་ཡིས་ལུས་ལ་གྲིབ་མར་བསྒྱུར།། ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་གྱི་ད་ལས།།
3a6 རྟེན་བཅའ་བའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་གས་བྱེ་བའི་ལས་ལ།། ཚ་བ་གསུམ་དང་ནིམ་པ་ཁྲག། ཉུང་ཀར་ཉུངས་ནག་སྐེ་ཚེ་རྣམས།། ཚ་བའི་རྫས་རྒོད་སྐྱེད་པའི་ཤིང་ལ་མེ་སྦར་ནས~ཾ།
3a7 ལས་ཀྱི་མགོན་པོས་བསད་པར་བྱ།། ཏིང་ངེ་འཛིན་དང་གཏོར་མའི་ལས།། རྣལ་འབྱོར་པས་ནི་བདེ་བ་ཤང་།། ཡུགས་སའི་ཁྱིམ་ནས་མེ་བླངས་ཏེ།། གསད་པའི་སྔགས་ནི་འདི་ཡིས་བྱ།། ཨོཾ་མ་ཧཱ་ཀཱ་ཡ་གུ
iiif viewer powered by OpenSeadragon
2b - 3b