| | e-texts navigator
|
130b1 ནས་དབང་བསྒྱུར་རོ།། རོག་ནི་ནག་པོ་ཡང་ལུས་སྲིན་པོ་ལ། མགོ་བྱ་རོག་གིས་བརྩེགས་པ་དེ། ལྷ་མ་སྲིན་སྡེ་བརྒྱད་དུ་གྱུར་ནས་དུས་ཚོད་དང་ཚེས་གྲངས་ལ་འཇུག་ཅིང་རྒྱུ་བ་དང་། ཀི་ཀང་དང་གཤེད་བཞིས་སྐྱོང་འགུལ་གྱི།། སྲོག་དང
130b2 དབུགས་ལ་དབང་བྱེད་པར་གྱུར་པས། ཀི་ཀང་མིང་སྲིང་རྣམས་རྗེས་སུ་རངས་ཏེ། འཇིགས་བྱེད་ཆེན་པོ་ལ་གཡས་ཕྱོགས་ནས་ལན་གསུམ་བསྐོར་བ་བྱས་ནས། སྲས་གཙུགས་ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ།།
130b3 ཨ་ལ་ལ་ཧོ།། འཇིགས་བྱེད་ཆེན་པོ་ལགས་བདག་ཅག་རྣམས་ལ་ཐུགས་བརྩེ་བར་དགོངས་ནས། བདག་ཅག་རང་རང་གི་སྤྱོད་པ་ལས་མཐུན་པར་བཀའ་སྩལ་པ་ངོ་མཚར་ཆེའོ།། བདག་མིང་སྲིང་ཇི་ལྟར་བཀའ་སྩལ་པ་ལས་མི
130b4 འདའ་ཞིང་། གཉེར་དུ་གཏད་པའི་ལས་རྣམས་གདོན་མི་ཟ་བར་བགྱིད་དོ།། ཞེས་གསོལ་ཞིང་དམ་བཅས་ནས། རང་རང་གི་གནས་གཡ་བ་དེར་དོང་ངོ་།། བཅོམ་ལྡན་འདས་དཔལ་ཆེན་པོ་ཉིད་ཀྱང་། སྐུ་སྟག་པ་ཆེན་པོའི་ཀློང་ན
130b5 དུས་གསུམ་དུ་འདུ་འབྲལ་མེད་པར་བཞུགས་སོ།། བདུད་བྱ་རོག་མགོ་བརྩེགས་རོག་ཏི་ནག་པོ།། གསང་བ་སྒྲོལ་བྱེད་ཀྱི་རྒྱལ་པོ་ཀི་ཀང་རཀྐ་སྙིང་གཟེར་དྲག་པོའི་རྒྱུད་ལས། བཅས་ཀ་གླིང་བཞིའི་ལེའུ་སྟེ་དང་པའོ།
130b6 དེ་ནས་འཇིགས་བྱེད་ཆེན་པོ་གཤིན་རྗེ་བཤེད་པོ་པ། འཁོར་གྱི་གཙོ་བོར་གྱུར་པ། རྡོ་རྗེ་འཛིན་པ་ཆེན་པོ་དང་། གཞན་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འཁོར་བསམ་གྱིས་མི་ཁྱབ་པ
130b7 ངག་གིས་གཡས་ཕྱོགས་ན་ས་ལན་བརྒྱ་སྟོང་བསྐོར་བ་བྱས་ཏེ། ཕྱི་ནང་གསང་བའི་མཆོད་པ་ཆེན་པོ་དག་གིས་རྣམ་པར་མཆོད་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་མགོན་པོ་བདག་ཅག་རྣམས།། སངས་རྒྱས་ཆོས
iiif viewer powered by OpenSeadragon
130a - 131a