| | e-texts navigator
|
129b1 མཚམས་ནས་བསྐྱོད་པའི་ཚེ།། དགྲ་བླའི་རྒྱལ་མོའི་དཔོན་སྣར་བསྐོ།། བྱང་གིས་ཕྱོགས་ནས་བསྐྱོད་པའི་ཚེ།། བདུད་ཀྱི་དམག་ཚོགས་དཔོན་སྣར་བསྐོ།། ལྷོ་ནུབ་མཚམས་ནས་བསྐྱོད་པའི་ཚེ།། སྲིན་པོ་འབུམ
129b2 གྱི་དཔོན་སྣར་བསྐོ། ཤར་གྱི་ཕྱོགས་ནས་བསྐྱོད་པའི་ཚེ།། དམུ་བདུད་ཡོངས་ཀྱི་དཔོན་སྦྱར་བ་སོ།། ནུབ་བྱུང་མཚམས་ནས་བསྐྱོད་པའི་ཚེ།། གཤིན་རྗེ་ཡོངས་ཀྱི་དཔོན་སྣོར་བསྐོ།། ལྷོའི་ཕྱོགས་ནས
129b3 བསྐྱོད་པའི་ཚེ།། ཀླུ་བཙན་དགྲ་བླའི་དཔོན་སྣར་བསྐོ།། བྱ་ང་ཤར་མཚམས་ནས་བསྐྱོད་པའི་ཚེ།། བྱི་ན་ཡ་གའི་དཔོན་སྣར་བསྐོ།། དེ་ལྟར་ངའི་བཀའ་ཕོབ་པ།། རྟག་ཏུ་ཡིད་ཡང་དྲན་པར་བྱོས།། ཞེས་བཀའ
129b4 སྩལ་པ་དང་།། ཀི་ཀང་མིང་སྲིང་རྣམས་དགའ་མགུ་ཡི་རངས་སྟེ། ཧ་ཧ་ཧི་ཧི་ཞེས་པའི་སྒྲ་དུ་ས་གཅིག་ཏུ་བྱུང་ནས།། ཡང་དཔའ་བོ་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་དཔའ་བོ་ཆེན་པོ་ལ་འདི
129b5 སྐད་ཅེས་གསོལ་ཏོ།། འཇུག་དང་རྒྱུ་བའི་ཚེ་མ་གྲངས་དང་།། དུས་དང་དུས་ཀྱི་ཚོད་རྣམས་དང་། རྒྱུ་བའི་ཕྱོགས་དང་མི་རྣམས་དང་།། དཔོན་སྣར་བསྐ་བའི་སྡུག་ལས་རྣམས།། བཀའ་སྩལ་པ་བཞིན་གཉེ
129b6 ལེན་ན།། བདག་ཅག་རྣམས་ཀྱི་མཐུན་ཛྙཱ་ས་དང་།། འཚལ་བའི་ཟས་བསྐལ་གང་གིས་བགྱི།། དཔའ་བོ་ཆེན་པོས་བཀའ་སྩོལ་ཅིག། ཞེས་གསོལ་པ་དང་།། ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས
129b7 དགྱེས་པ་ཆེན་པོའི་གསུང་ཕྱུང་ནས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀི་ཀང་དྲང་སྲོང་ཆེན་པོ་རྣམས།། དེ་སྐད་གསུང་པ་ཤིན་ཏུ་ལེགས། ངས་གསུངས་པ་ལ་སེམས་ཐུད་ཅིག། ཁྱོད་ཀྱི་ཕ་ནི་སྲིན་ཡིན་པས།
iiif viewer powered by OpenSeadragon
129a - 130a