e-texts navigator
Collection
Volume
Page
Wylie

129a1 ལྷོར་རྒྱུ་བ་དང་།། ལྷོ་ནུབ་མཚམས་ནས་བྱུང་ཤར་དུའོ།། ཤར་ནས་ནུབ་ཏུ་རྒྱུ་བ་དང་།། ནུབ་བྱང་མཚམས་ནས་ལྷོ་ཤར་དུའོ།། ལྷོ་ནས་བྱང་དུ་རྨྱང་དང་།། བྱང་ཤར་མཚམས་ནས་ལྷོ་ནུབ་ཏུ
129a2 རྒྱུ་བའི་ཕྱོགས་ནི་དེ་ལྟར་བྱོས།། དེ་ནས་མིང་ཡང་ངས་གདགས་ཀྱིས།། མགོ་ལས་སྤྲུལ་པ་ཆེན་པོ་ནི།། པྲི་ཏྲི་པ་ཏྲ་བྱ་བ་སྟེ།། བྱ་རེག་མགོ་ཅན་བྱ་བར་གདགས།། ལག་པ་གཡས་ལས་སྤྲུལ་པ་ནི།། དྲང་སྲོང་ར་ཧྱ
129a3 ཞེས་གདགས།། མིག་དང་མཆེ་བ་སྙིང་གསུམ་ལས།། སྤྲུལ་པ་སྒྲ་ཅན་འཛིན་དུ་གདགིས།། ལག་པ་གཡོན་ལས་སྤྲུལ་པ་ནི།། དུ་བ་འཇུག་རིངས་བྱ་བར་གདགས།། དཔུང་པ་གཡས་ལས་སྤྲུལ་པ་ནི།། ཁྱབ་འཇུག
129a4 ། ཆེན་པོ་བྱ་བར་གདགས།། འཇུག་མ་ལཱས་སྦྲུལ་ཆེན་པོ་ནི།། བི་ནུ་ར་ཙ་བྱ་བར་གདགས།། མཆུ་སོ་ལས་སྦྲུལ་ཆེན་པོ་ནི།། ཙ་ར་ཀ་ཞེས་བྱ་བར་གདགས།། དཔུང་པ་གཡོན་ལས་སྤྲུལ་པ་ནི།། ཁྱབ་འཇུག་ཆེན་པོ་བྱ་བར
129a5 བདགས།། འཇུག་མ་ལཱས་སྦྲུལ་ཆེན་པོ་ནི།། བི་ནུ་ར་ཙ་བྱ་བར་གདོགས།། མཆུ་སོ་ལས་སྤྲུལ་ཆེན་པོ་ནི།། ཙ་ར་ཀ་ཞེས་བྱ་བར་བདག་སོ།། དཔུང་པ་གཡོན་ལས་སྤྲུལ་པ་ནི།། ལྗང་སྔོན་དྲག་པོ་བྱ་བར་གདགས།།
129a6 ཤར་ལྷོ་མཚམས་ཀྱི་སྲིང་མོ་ལ།། སྟག་སྲིང་ཟོར་གདོང་བྱ་བར་གདགས།། བྷི་ནུ་མཚམས་ཀྱི་སྲིང་མོ་ལ།། བཾ་སྲིད་དེད་གདོང་བྱ་བར་གདགས།། ནུབ་བྱང་མཚམས་ཀྱི་སྲིང་མོ་ལ།། ཀོང་སྲིན་པན་གདོང་བྱ་བར
129a7 བདགས།། བྱང་ཤར་མཚམས་ཀྱི་སྲང་མོ་ལ།། འབྲོག་སྲིན་ཆུ་སྲིན་གདོང་དུ་བ་དགས།། དེ་ནས་དཔོན་སྣ་བསྒོ་བྱེ་བ། ནུབ་ཀྱི་ཕྱོགས་ནས་བསྐྲད་པའི་ཚེ།། སྲིད་པའི་མ་མོའི་དཔོན་སྣང་བསྐོ།། ཤར




iiif viewer powered by OpenSeadragon

128b - 129b

Texts on this page

Gkk3.9 - bdud bya rog mgo brtsegs gsang ba sgrol byed kyi rgyal po ki kang rog ti'i mdo snying gzer nag po'i rgyud chen po