e-texts navigator
Collection
Volume
Page
Wylie

128b1 ན་བྱེད་ཆེན་པོའི་བཀའ་སྩོལ་ཅིག། བྱམས་མགོན་ཆེན་པོ་བཀའ་སྩོལ་ཅིག། ཀོང་རྩེར་འཇུག་པའི་ཚེས་གྲངས་གང་།། ཀི་ཀང་རྒྱུ་བའི་ཚེས་གྲངས་གང་།། རྒྱུ་བའི་དུས་ནི་གང་ལ་བགྱི།། དུས་ཀྱི་ཚོད་ནི་གང་ལ་བགྱི།
128b2 ཕྱོགས་ནི་གང་ནས་གང་ལ་རྒྱུ།། བདག་ཅག་མིང་སྲིང་འདི་རྣམས་ཀྱིས།། མིང་གི་མཚན་ཉིད་ཇི་ལྟར་ལགས།། དཔོན་སྣ་བགྱི་ན་ཇི་ལྟར་བགྱི།། བདག་ཅག་དམ་ལས་མི་འདའ་ཡིས།། དཔའ་བོ་ཆེན་པོས་བཀའ
128b3 སྩོལ་ཅིག། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་དགྱེས་ཏེ། ཞལ་འཛུམ་པ་མཛད་ནས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀའི་ཀི་ཀང་མིང་སྲིང་རྣམས།། ཉོན་ཅིག་ཁྱོད
128b4 རྣམས་གུས་པར་ཉོན།། ངས་གསུངས་པ་ལ་སེམས་ཐུད་ཅིག། ཀོང་རྩེར་འཇུག་པ་ཚེས་གྲབས་ནི།། བཞི་དང་བརྒྱད་དང་བཅུ་གཅིག་དང་།། བཅོ་ལྔ་བཅོ་བརྒྱད་ཉི་ཤུ་གཉིས།། ཉི་ཤུ་ལྔ་དང་ཉི་ཤུ་དགྲ།
128b5 དེ་ལ་ཀོང་རྩེར་འཇུག་པར་བྱའོ།། ཀི་ཀང་རྒྱུ་བའི་ཚེས་གྲངས་ནི།། ལྔ་དང་དགུ་དང་བཅུ་གཉིས་དང་།། བཅུ་དྲུག་བཅུ་དགུ་ཉི་ཤུ་གསུམ།། ཉི་ཤུ་དྲུག་དང་གནམ་སྟོང་ལ།། ཀི་ཀང་རྒྱུ་བར་ཤེས་པར་བྱའོ།།
128b6 རྒྱུ་བའི་དུས་རྣམས་བསྟན་པ་ནི།། ཕྱོགས་བཞི་མཚན་མོ་རྒྱུ་བ་དང་།། མཚམས་གཞི་ཉིན་མོ་རྒྱུ་བ་ནི།། རྒྱུ་བའི་དུས་སུ་ཤེས་པར་བྱ།། དུས་ཀྱི་ཚོང་རྣམས་བསྟན་པ་ནི།། སྲོད་དང་སྔ་གྲོ་དང་པོ་དང་།། ནམ་གྱི་ཕྱེད་དང་ཉི་མ
128b7 ཕྱེད།། ནམ་ཕྱེད་ཉི་མ་མྱུར་བྱེད་དང་།། སྐྱ་རེངས་ཤར་དང་མྱུར་ཆུང་རྣམས།། དུས་ཀྱི་ཚོད་དུ་ཤེས་པར་བྱོས།། དེ་ནས་རྒྱུ་བའི་ཕྱོགས་བསྟན་ཏེ།། ནུབ་ནས་ཤར་དུ་རྒྱུ་བ་དང་།། ཤར་ལྷོ་མཚམས་ནས་ནུབ་བྱང་དུའོ།། བྱང་ནས




iiif viewer powered by OpenSeadragon

128a - 129a

Texts on this page

Gkk3.9 - bdud bya rog mgo brtsegs gsang ba sgrol byed kyi rgyal po ki kang rog ti'i mdo snying gzer nag po'i rgyud chen po