e-texts navigator
Collection
Volume
Page
Wylie

128a1 སྣང་སྲིད་སྲོག་ཆགས་མ་ལུས་ཀུན།། སུ་ཕྲད་ཁྱུར་མིག་འཆའ་བ་དང་།། སྦྱོར་བ་ངན་པ་གཏོང་བ་དང་།། ལོ་ཏོག་འཇོམས་པའི་ལས་འདི་དག། བདག་རྣམས་ཀྱི་རང་ལས་ན།། དང
128a2 བོ་ཆེན་པོ་ཅི་ལ་བསྐོན།། སྔར་ཡང་དཔའ་བོ་ཆེན་པོ་ཡིས།། བདག་གི་ལུས་གཏུབས་ཕྱོགས་བཅུར་སྦས།། འདི་ཡང་ཤིན་ཏུ་མ་ལེགས་སོ།། ཐུགས་རྗེ་བྲེང་ཡང་མི་མངའ་འམ།། གཙོ་བོ་ཆེན་པོ་ཁྱོད་ཉིད་ནི།།
128a3 ཐུགས་རྗེ་བྱམས་པོའི་མངའ་བདག་ན།། འདི་ལྟའི་ཆོ་འཕྲུལ་ཅི་ལ་སྟོན།། བདུགས་པའི་གསུང་སྒྲ་ཅི་ལ་སྒྲོག། ཐུགས་ཀྱི་སྤྲུལ་པ་ཅི་ལ་འགྱེད།། དཔའ་བོ་ཆེན་པོ་བདག་ལ།། བཀའ་བབ་མི་འཚལ་འབངས་སུ
128a4 ། མཆི།། འབངས་ལ་ནན་ཏན་མ་ཆུང་ཅིག། ཞེས་གསོལ་ཏོ།། སྤྱི་སྡོམ་སྲོག་སྙིང་འངདི་མདོད་གསོལ་དུ་ཕུལ་ལོ།། ཨ་ཡ་མ་དུ། ར་ཙ་ཤ་ན་ལ་བཛྲ་མ་མ་ཏིང་ལ་བོ་ཨ་ག་ཏྲ་བཛྲ་ལི་ཕི་མ་རོ་ཏྲི་ཛ། བདག་ཅག
128a5 རྣམས་ཀྱི་སྲོག་ཏིག་སྟེ། དཔའ་བོ་ལྟ་རྗེས་པཞེས་སུ་གསོལ། དེ་སྐད་ཅེས་གསོལ་པ་དང་། འཇིགས་བྱེད་ཆེན་པོས་འདི་སྐད་ཅེས་བཀའ་སྩལ་ཏོ།། ལེགས་སོ་ཀི་ཀང་ཆེན་པོ་དག། དེ་ལྟར་དུས་དུས་ཐམས
128a6 ཅད་དུ།། སེམས་ཅན་རྣམས་ལ་སྦྱོར་བ་ངན་གཏོངས་པར།། ཀོང་ཙེར་འཇུག་པའི་ཆས་གྲངས་དང་།། ཀི་ཀང་རྒྱུ་བའི་ཚེས་གྲངས་དང་།། དུས་དང་དུས་ཚད་རྒྱུ་ཕྱོགས་དང་།། སོ་སོའི་མིང་རེ་དངོན་སྣར་བསྒོ་ཡིས།།
128a7 རའི་དམ་ལས་མ་འདའ་ཅིག། འོན་ཀྱང་སེམས་ཅན་བདེ་བ་ལ།། ཁྱོད་ཡང་ཡིད་བདེ་བར་ཡང་འགྱུར་གྱིས།། དེ་སྐད་ཅེས་བཀའ་སྩལ་པ་དང་།། ཀི་ཀང་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ། འཇིགས




iiif viewer powered by OpenSeadragon

127b - 128b

Texts on this page

Gkk3.9 - bdud bya rog mgo brtsegs gsang ba sgrol byed kyi rgyal po ki kang rog ti'i mdo snying gzer nag po'i rgyud chen po