e-texts navigator
Collection
Volume
Page
Wylie

127b1 དུ་འཇུག་མ་དགོད། ལྷོ་རུ་དཔུང་པ་ག་ཡས་དགོད། ནུབ་ཏུ་དཔུང་པ་གཡོན་དགོད། བྱང་དུ་མཆུ་སོ་དགོད། རྐང་པ་གཉིས་ཀྱིས་བར་དུ་མིག་དང་མཆེ་བ་སྙིང་གསུམ་དགོད། རི་རབ་ཀྱི་གྲཝ་མཚམས་སུ
127b2 སྤྲིང་མོ་བཞི་དཔྱོད། བཀྲམ་ཞིང་སྨྲས་པ་ལས་སྟཱ་རུ་མ་བཏུབ་ཏཾ། ལུས་དེའི་བུམ་པ་རེ་རེ་ལས། ཀཾ་ཀྱང་རེ་རེ་བྱུང་སྟེ། ཤིན་ཏུ་ཡང་འཛིན་རྟེན་གཡོས་སོ།། སྲིང་མོ་ཡང་སཱ་རུ་མ་བཏུབ་སྟེ། གྲཝ་བཞིནས་ལང་ནས
127b3 སྲིད་པ་གསུམ་གྱིས་སེམས་ཅན་ལ་ཤིན་ཏུ་ཡང་དུས་དང་། རྣམ་པ་མེད་པར་ཟ་ཞིང་འཆའ་བ་ལས། སྦྱོར་བ་ངན་པ་གཏོང་བ་ལས། ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་ཁམས་གསུམ་དབང་དུ་བསྡུས།
127b4 སྲིད་གསུམ་ཟིལ་གྱིས་མནན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་མུན་ནག་བཞིན་དུ་གཏིབས་ཏེ། ཐུགས་ཡེ་ཤེས་ཀྱི་ཉི་ཟེར་གྱི་རྩེ་ལ། ལྕགས་ཀྱུའི་ཚོགས་དང་། ཞག་ས
127b5 པའི་ཚོགས་དང་། ལྕགས་སྒྲོགས་གི་ཚོ་གསཱ་དང་། དྲིལ་བུའི་ཚོགས་བསམ་གྱིས་མི་ཁྱབ་པར་སྤོས་ཏེ། ཧཱུཾ་ཧཱུཾ་ཕཊ། ཧ་ལ་ཧ་ལ། ཛ་ཧཱུཾ་བཾ་ཧོ། ཨེ་ཨཱ་ར་ལི་ཧི་ཛ་ཛཿཞེས་འབྲུག་སྟོང་དུས་གཅིག་ལྡི་བ་ཙམ
127b6 གྱི་སྒྲ་བསྒྲགས་ནས་དབང་དུ་བསྡུས་ནས། ཀཱི་ཀང་མིང་པོ་དང་། སྲིང་མོར་བཅས་པ། ཕྲེང་རབ་ཏུ་བྲིང་། འདྲརུ་རབ་ཏུ་འདར། ཀུན་ཏུ་རབ་ཏུ་འདར། སྔངས་རབ་ཏུ་སྔངས་ཀུན་ཏུ་རབ་ཏུ་སྤངས་ནས།
127b7 བཅོམ་ལྡན་འདས་ལ་མགྲིན་གཅིག་ཏུ་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ། འཇིགས་བྱེད་ཆེན་པོ་ལགས། བདག་ཅག་ཀི་ཀང་མིང་སྲིང་རྣམས།། ཕ་མེ་གདུགས་པའི་བུ་ལེགས་པས།




iiif viewer powered by OpenSeadragon

127a - 128a

Texts on this page

Gkk3.9 - bdud bya rog mgo brtsegs gsang ba sgrol byed kyi rgyal po ki kang rog ti'i mdo snying gzer nag po'i rgyud chen po