e-texts navigator
Collection
Volume
Page
Wylie

127a1 ། ཀ་སྒྲ་སྐུད་འབྲུག་སྟོང་འདིར་བ་ཙམ།། སྟོང་གསུམ་དུས་གཅིག་གཡོས་པ་ངོ་མཚར་ཆེ།། བདག་ཅག་རྣམས་འ་ཐུགས་རྗེས་བསྒྲུབ་དུ་གསོལ།། ཞེས་གླེང་ནས། ར་གི
127a2 གནས་སུ་དྲེང་ངོ་།། དེ་ནས་སྲིན་པོ་ཡ་གྲ་ཛཱ་ལ་རཱི་རབ་རྩེལ་མེ་འབར་བ་དང་། ཀླུ་མོ་རྡོ་རྗེ་ཡགྣ་མོ་རྒྱ་མཚོའི་གཏིང་ནས་འདོད་ཆགས་ཁྲག་མཚོའི་འཁྱིལ་བ་གཉིས་ལུས་མ་འབྲང་བར་ཀཱི་ཀང་གིས་སྨྲས
127a3 བསྐུལ་ཏེ་ཡིས་ཀྱིས་འཚལ་བ་ལས། བུ་མེད་སྲིང་ལྡུམཆེ་མཱར་སྨྲས་སོ།། བུ་མོ་སྤྲིན་བཞི་མིང་པོ་དང་ལྔའོ།། མིང་པོ་ཀེ་ཀང་བུང་བྱེད་ཆེན་པོ་དང་། སྲིང་མོ་ཀི་ཀང་མགོ་ཛྙཱ་ན་མཱ་བཞིར་གྱུར་ནས། ལྲྀང
127a4 པ་ག་སུམ་གྱི་སེམས་ཅན་ཐམས་ཅད་ཟ་ཞིང་འཆའ་སྟེ། འཇིག་རྟེན་ཕུང་བ་ལཐུག་པར་གྱུར་པ་ལས། བཅོམ་ལྡན་འདས་འཇིགས་བྱེད་གཤིན་རྗེག་ཤེད་བོས། འཁོར་ལོགཅིག་མིང་པོ་ཙྪ
127a5 པས་ལུས་དུམ་བུ་བརྒྱད་དུ་གཏུབས་ཏེ། བཅོམ་ལྡན་འདས་ཀྱི་སྐུ་དཔག་པ་ལས་འདས་པའི་ཁོང་སྟོང་སྣང་སྲིད་བཅུག་ནས། ཐུགས་རང་བཞིན་གྱི་ཁོང་སེང་། ཀུན་རིག་གི་གའུ་ནས་རིན་པ་ཆེ་འཁོར
127a6 ལོ་རྒྱོབས་བཞི་པ་གཅིག་སྟོན་པའི་མཐའ། རྒྱུ་རྒྱ་ཆེན་པོ་བཞི་དང་། རོལ་ས་ཚ་བདུན་གྱིས་བསྐོད། སེར་གྱིས་དེ་བདུན་གྱིས་འཁོར་བར་བཅས། དེ་ལྟར་བྱས་པའི་ཕྱོགས་བཞི་མཚམས
127a7 བརྒྱད་དུ། ཀིང་ཀང་ཆེན་པོ་གཟིར་ཏེ་བདུད་མགོ་སྟོ་ནུབ་བྱུང་སྟེ་དགོད། ཤར་ལྷོར་ལོག་པ་གཡས་པ་དགོད། བྱང་ཆུབ་ཏུ་ལག་པ་གཡོན་པ་དགོད། བྱང་ཤར་དུ་རྐང་པ་གཉིས་དགོད་དོ།། ཤར




iiif viewer powered by OpenSeadragon

126b - 127b

Texts on this page

Gkk3.9 - bdud bya rog mgo brtsegs gsang ba sgrol byed kyi rgyal po ki kang rog ti'i mdo snying gzer nag po'i rgyud chen po