e-texts navigator
Collection
Volume
Page
Wylie

126a1 པར་ཞུགས་ཏེ། ཞུགས་མ་ཐག་ཏུ་ཡུམ་ཏཱ་ལི་ཨ་ཧོ།། ཞེས་སྨིན་མཚམས་ཀློག་འགྱུ་བའི་བརྡའ་ཅིག་མཛད་པས། འཇིགས་བྱེད་ཆེན་པོས་ཀྱང་། བསྐུལ་བ་དེ་ཐུགས་སུ
126a2 བརྩོལ་ནས། ཨ་ཧོ་སུ་ཁ་ཞེས་བྱ་བ་བྱང་ཆུབ་སེམས་ཀྱི་ཆར་ཡུམ་གྱི་མཁའ་ལ་མངོན་པར་ཕབ་ནས་རོལ་པ་མཛད་ནས་འཁོར་རྣམས་དང་བགྱིས་པའི་ང་རོ་དུས་གཅིག་ཏུ་ལྡིར་ཏེ། འདི་ཟེར་ཕྱོགས་བཅུར
126a3 ཀྱི་ལ་སུ་ཐོས་པ་པ་ཀྱང་ཆུ་ས་ཀྱི་སྨྲས་པ་། འ་པ་དུས་པ་དང་། ཅི་། མཽ
126a4 སོགས་པའི་བཅུད་ཐམས་ཅད་སྡུད་ནས་ཉིད་ཀྱིས་སྐུ་ལ་ཐིམ་པར་མཛད་དོ།། དེ་ནས་གཉིས་སུ་མེད་པའི་རོལ་པ་ལས་ཞེ་སྡང་གིས་འོད་ཟེར་ནག་པོ་དང་ང་རྒྱལ་གྱིས་འོད་ཟེར་སེར་པོ་དང་། ཕྲག་དོག་གིས་འོད་ཟེར་ལྗང
126a5 ཁུ་ལ་སོགས་པ། རི་རབ་ཀྱི་རྩེ་མོ་འི་གཡུང་དྲུང་གི་གནས་སུ་འཕྲོས་པ་ལས་སྲིན་པོ་ཡ་ཤ་ཏྲ་ལ་འབར་བར་འགྱུར་ཏེ། རི་རབ་ཀྱི་རྩེན་ཞེ་སྡང་གི་མེ་འབར་ཞིང་གནས་སོ། འདོད་ཆགས་ཀྱི་འོད་ཟེར
126a6 དམར་པོ་དང་། གཏི་མུག་གི་འོད་ཟེར་དུང་ཀ་རྒྱ་མཚོའི་སྟེང་དུ་འཕྲོས་པ་ལས། འབྲས་བུ་ཀྲུ་ཨོ་ཡཀྲ་མོར་གྱུར་ཏེ། རྒྱ་མཚོ་གཏིང་ན་འདོད་ཆགས་ཀྱི་ཁྲག་མཚོ་འཁོལ་ཞིང་གནས་པ་ལས་ཡུམ་བེ་ཏ་ལིའི
126a7 འཛུམ་པའི་འདས་ཀྱི། ཀླུ་མོ་རྡོ་རྗེ་ཡགྲ་མོ་ལ་གཟིགས་ནས། འདོད་ཆགས་ཀྱི་ཟིལ་པ་དང་བཅས་པའི་ལྗགས་ཀྱི་བརྡའ་ཅིག་མཛད་པས། ཀླུ་མོ་རྡོ་རྗེ་ཡ་གྲ་མོ་ཡང་ཡིད་གཡོ་བའི་འདོད་ཆགས་དྲག་པོ་བསྐྱེད་ཏེ།




iiif viewer powered by OpenSeadragon

125b - 126b

Texts on this page

Gkk3.9 - bdud bya rog mgo brtsegs gsang ba sgrol byed kyi rgyal po ki kang rog ti'i mdo snying gzer nag po'i rgyud chen po