| | e-texts navigator
|
125b1 @#པའི་གདུག་པ་ཅན་དང་། ཡ་མ་དམ་སིང་ཅན་ལ་སོགས་པ་ལོག་འདྲེན་ཅན་རྣམས་དང་། འགལ་བྱེད་ཆམ་ལ་བབ་པའི་ཆེད་དུ། བཅོམ་ལྡན་འདས་ཉིད་གདུག་པ་སྤ་བཀོད་མི་བསྒྲངས་ཀུན་འདུལ་ཞེས་བྱ་བའི་ཏིང་ངེ་འཛིན
125b2 ལ་སྙོམས་པར་བཞུགས་ནས། ཞུགས་མ་ཐག་ཏུ་འཇིགས་བྱེད་ཁྲག་ཐུང་གི་སྐུ། རྡོ་སྟང་ཟིལ་བཅག་པའི་འགྲོ་ལྟར་གནག་ལ་འཚེར་ཞིང་རྔམ་བརྗིད་ལྡན་པ། དུར་ཁྲོད་ཀྱི་རིས་སྣ་ཚོགས་ཀྱིས་ཀླུབ་ཤིང་། གདུག་པའི
125b3 མཚོན་སྣ་ཚོགས་རྣམས་པ། ཞབས་གཉིས་ན་རག་དམྱལ་བའི་བསྟན་པ་གཟིར་ཞིང་། སྣང་སྲིད་ཁོང་སྟོང་ན་འཕྱོ་བ་གཅིག་དབྱིངས་ལས་མངོན་དུ་ཤར་སྟེ། གནས་ཚད་དང་དཔག་པ་ལས་འདས་ཤིང་། རྩེ་མོ་ཀུན་ཏུ
125b4 མ་ཚད་པ། དུར་ཁྲོད་ཀྱི་ལང་ལོང་། འཕྱང་བ་ན། འཁོར་གྱིས་གཙོ་བོར་གྱུར་པར། རྡོ་རྗེ་འཛིན་པ་ཆེན་པོ་དང་། རྒྱལ་ཐེབས་དང་། རྒྱལ་ཕྲན་དང་། ནང་བློན་དང་། ཕྱིར་བློན་ལ་སོགས་པ་རེ་རེའི་འཁོར་ན་ཡང་།
125b5 ནང་སྟོང་པ་དང་ཁྲམ་འདེབས་མེ་བསྐྲངས་པའི་ཚོགས་བསམ་གྱིས་མི་ཁྱབ་པ་དག་དང་། གཞན་ཡང་འདོད་པའི་གཙོ་མོའི་ཚོགས། རྒྱལ་མོ་དང་། རྒྱལ་མོའི་རྒྱལ་མོ་དང་། རྒྱལ་ཐེབས་མོ་དང་། བློན་མོ་དང་།
125b6 བྲན་མོ་དང་། གཡོག་མོའི་ཚོགས་རེ་རེའི་འཁོར་ན་ཡང་། འདུ་བ་རྣམས་ཀྱི་བདག་མོ་དང་། བཞི་བརྒྱ་རྩ་གཞི་ནད་གཏོང་བའི་ཚོགས་བསམ་གྱིས་མི་ཁྱབ་པ་དང་ཐབས་ཅིག་ཏུ་བཞུགས་སོ། ཡུམ་པེ་ཏི་ལི
125b7 དང་། ཨེ་ཀ་ཛ་ཏེས་ཀྱང་མདུན་གྱིས་ལྟས་ནས། སྐུ་ལ་རྣམ་པར་འཁྲིལ་ཏེ་གནས་སོ།། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་འོད་ཟེར་སྣ་ལྔ་ཀུན་སྡུད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས
iiif viewer powered by OpenSeadragon
125a - 126a