| | e-texts navigator
|
125a1 ཁྲག་ལ་བྷྱོ། བྱས་ལ་ཐོང་ཐ་བའི་ཁྲག་འཐུན་འབང་ངོ་།། སྤྱིར་བསྒྲུབས་པ་ཐུན་གྱི་ལེའུ་སྟེ་བཅུ་གཅིག་པའོ།། ཡེ་ཤེས་ཀྱི་མ་མོ་བརྒྱད་དང་། ལས་ཀྱི་མ་མོ
125a2 བརྒྱད་དང་།། འཁོར་ནག་མོ་ས་མ་ཡ་འབུམོ་སྡེ་ལ་སོགས་པ་རྣམས་ལ། རྒྱུད་འདི་ཟུང་ཞིག་ཚངས་ཤིག། ཕྱིར་རབ་བསྟན་པ་བསྲུངས་ཤིག། འཁོར་རྣམས་ཀྱི་རྗེས་སུ་ཡི་རང་སྟེ་མངོན་པར་བསྟོད་པ། འདི་ས
125a3 བུའི་དོན་ཡང་དག་པར་བསྟན་པས། བསྟན་པ་བསྲུང་བར་བསྒྲིད། བརྐྱངས་པར་བགྱིའོ། ཅེས་གསུངས་ནས་མངོན་པར་བསྟོད་དོ།། རེ་མ་ཧི་མཆོད་བཞིའི་འཕྲིན་ལས་ཀྱི་རྒྱུད། ཧེ་སྡད་འབར་མ་ཞེས་བྱ་བ་རྫོགསོ།།
125a4 རྒྱ་གར་སྐད་དུ། ཀི་ཀང་ཀླག་ཅན་ནི་ལྀ་ཙབ་དུ་བེ་པ་ལིང་། ཤན་པ་པྲ་ལིང་སང་རགཱ་སེན་སེན་པ་རི་ལིང་ཀུ་ཧྱེ་ཏ་ན་ར་ཛ་ཙིཏྟ་ཧེ་ལམ་ཧཱ་ཏནཱ། བདི་སྐད་དུ། བདུད་བྱ་རོག་མགོ་བརྩེགས
125a5 གསང་བ་སྒྲོལ་བྱེད་ཀྱི་རྒྱལ་པོ་ཀེ་ཀང་རོག་ཏིའི་མདོ་སྙིང་བཟེད་ནག་པོའི་རྒྱུད་ཆེན་པོ།། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་པ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པས་དུས་གཅིག་ན། དེ
125a6 བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ། བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་གཞོན་ནུ་འོག་མིན་གྱིས་གནས་མཐའ་དང་དབུས་མེད་པ།། སྟེང་འོག་ཕྱོགས་མཚམས་ཀུན་ཏུ་འདོད་པའི་ཡོན་ཏན་ལྔ་དང་།
125a7 རིན་པོ་ཆེ་སྣ་ཚོགས་ཀྱིས་རྣམ་པར་སྤྲོས་པའི་ཞལ་ཡས་ཁང་ན། འཁོར་གྱིས་བྱང་ཆུབ་སེམས་དཔའ་རྣམས་དང་། ཐབས་ཅིག་ཏུ་བཞུགས་ཤིང་སེམས་ཅན་གྱིས་དོན་མཛད་པ་ལས། ཐུགས་ཞི་བས་མི་ཐུལ
iiif viewer powered by OpenSeadragon
124b - 125b