e-texts navigator
Collection
Volume
Page
Wylie

124a1 ། ཧཱུཾ་རྒྱ་མམོ་མེད་པའི་གཏིད་དུམ་ནས། ཁྲག་གི་བཙུན་མན།། ལམན་པཟད་ཀྱི་གཞུ་བདུད་ནས། ཁྲག་གི་མདའ་འཕེན་ཏལ་ལ།། དགྲ་བགེགས་འདུག་པའི་སྙིང་དུམ་དུ། ཁྲག
124a2 ། མདའ་དམར་པོ་བྲེང་སེ་བྲེང་།། ཡ་མ་དམ་སྲིང་ངན་པ་ལ།། ཁྲག་གི་དཔལ་ཁལ་གདབ་འཚལ་ལོ།། ཁྲག་དུག་གི་ལིང་ཀཱ་ལ་གདབ་པོ།། མཁར་ཁྱིམ་ལ་བརྡེག་གོ། མ་མ་ཏྲག་སྙིང་ཁ་རལ་བྷྱོ་བྱས་ལ་བརྡེག་ག
124a3 སྔགས་སྤྱིར་ཡང་བཟླས་སོ།། ཁྲག་ལྔའི་ལེའུ་སྟེང་རྒྱད་པའོ།། ། ཐལ་བ་རྫས་ཀུན་ཀླུ་ལ་བཏང་བ་ནི།། ཆུ་སྔོ་བྱང་དུ་ལྟས་པར་བཏང་།། ཀླུ་འདུལ་བའི་ཏིང་འཛིན་བྱ།། ཀླུ་གཏོར་གཞུང་ཞིང་བཞིན་དུ་བཏང
124a4 བཅས།། ན་ག་རཱ་ཛའི་སྔགས་བཟླས།། དགྲ་བོ་མིང་རུས་གཏོར་མ་སྤྲུལ།། ཀླུ་མཉན་ཁྱོད་ཀྱི་སྔོན་མ་ཇི་ལྟར་དམ་བཅས་པ་བཞིན་དུ།། དམ་ཉམས་པོ་འདི་བཞེས་ཞིག། མ་བཞེས་སམ་བཀའ་བཅག་ན།། པེ་ཏ་ལི
124a5 ཧྲ་ཡ་གྲའི་བ་དེང་།། བྱ་ཁྱུད་ག་རུ་ངས་ཌས་ཀླུའི་རྒྱལ་ཁམས་ཕུར་པར་འོང་ངོ་།། ཀླུ་གཏོར་མ་འདི་ལོང་ལ་མྱུར་བར་ལས་གྱིས་ཤིག། ཅེས་བྱ་ལ་བཏང་པའི་ལས་བྱའོ།། ག་མཐའ་མ། ཀླུ་ལ་གཏད་པའི་ལེའུ
124a6 སྟེ་དགུ་པའོ།། ། བཙན་ལ་བཏང་པའི་འདི་བཞིན་བྱའོ།། དྷེ་བྷ་ཙདྷེ་བྷ་ཙེ་ཙན་སྤྱན་གྲངས་བྷ་ཙ་ལ་དབུ་ཛ་ལ་དབུ་ཛ་ལ་བ། ཅེས་ཕྱག་འཚལ་ལོ།། བཙན་ཁྱོད་ལ་དགྲ་བོ་འདི་བཏིང་ངོ་།། ཨ་བི་ཤུ་ཛ་ཨ
124a7 བི་ཀུ་ཛ་ཧཱུཾ་ས་ཨ་ཡ་ཧཱུཾ་ཕཊ། འདི་བ་ཞེས་སུ་གསོལ། ཚོན་སྐུད་ཅིང་བཅིངས་པ་བ་ཙན་ཚོན་གནན་ནོ།། དང་པོ་གྲུབ་རྟག་ཕེབས་པ་དང་མཐུན་རྣམས་མྱུར་བར་བརྡེག་གོ།། ཕུར་ཐུན། ཁྲག་ཐུན། ཉུང་ཐུན། ཟན་ཐུན།




iiif viewer powered by OpenSeadragon

123b - 124b

Texts on this page

Gkk3.8 - 'phags ma he sdud 'bar ba'i rgyud