| | e-texts navigator
|
123b1 གླང་ལ་ཀོར་ལ་སྔགས་འདི་བཟླས་སོ།། ཁ་ལ་ཁ་ལ་རག་ཤ་ནི་ཏི་རྟ་རྦད། ཐུ་མ་རི་ལི་ལི། སྙིང་ཁ་ལ་རག་ཤ་ནི་ཏི་རྦད། ཊུ་རི་ལི་ལི། ཐོད་པ་དེ་ལྟར་འཕར་བ་ཡིན།། མངའ་བརྡེབས་པ་འདི་ཡིན་ཏེ།། སྐེར་པ་མི་བ་སང་ལ།
123b2 སྤྱི་གཞུར་རྩེ་མོ་སྟོང་བྱས་ཏེ།། འུག་པ་བྱ་རྒོང་གོང་རུ་གཉིས། ཁྱིམ་རྒྱ་བོའི་སྙིང་ཁྲག་སྤྱན་གྱིས་སྦྱར།། རེ་ཁྱིའི་སྤུ་བསྲིས་རྒྱུར་དུ་བས།། མིང་རུས་གཟུགས་སྙིང་ཁ་རུ། མེད་རྩེའི་བརྟད་ལ་སྔགས་འདི་བཟླས།
123b3 ཧཱུཾ་རྩ་བ་ལ་ཐུན་ཁ། ཁྲག་ལ་མཐུན་ཁ། ཁྲག་ཡཾ་ཡཾ། ཕོ་ཉ་བཏང་ངོ་།། ཡུལ་ཕྱོགས་སུ་ཕང་པར་བྱ་གཟུགས་བྱས་སྙིང་ཀར་བརྡེག་པར་བྱ།། ཧཱུཾ་ཁམས་གསུམ་སྒྲོལ་བྱེད་ཆེན་མོ་ཡིས།། ལྷའི་ཕྱོགས་སུ་ཞབ
123b4 བརྐྱང་བས།། ཞབས་ཀྱི་དཀྱིལ་འཁོར་ཉིད་ལས་ཀྱང་།། མི་ཟད་འབར་བའི་སྐུ་ཕྱུང་སྟེ།། སྐུ་ནི་སྔོ་སྐྱ་ཆེན་པོ་ལ།། ཞལ་སྔ་མ་ལ་ཕྱག་བཅུ་སྟེ།། དམར་དང་ལྗང་ཁྱེ་དུད་ཀ་སྟེ།། སེར་བའི་ཞལ་སྔར་བསྟན་པ
123b5 སྟེ།། གཡས་ཀྱི་ཕྱག་རྒྱ་ལྔ་ཕྱུང་སྟེ། ཁྲོ་བོ་བཅུ་ཡང་གསོད་པ་ཉམས།། གཡོན་གྱི་ཕྱག་རྒྱ་ལྔ་ཕྱུང་བ།། ཁྲོ་མོ་བཅུའི་སྙིང་ཡང་གཟེར།། རྒོལ་བ་ངན་པ་སྨོས་ཅིའི་དགོས།། ཞལ་ནས་ཁྲག་གིས་རལ་གྲེ་འབྱུང་།།
123b6 སྐུ་ནི་མཐིང་ནག་རལ་པ་ཅན།། རལ་པའི་ཟར་བུ་རེ་ར་ལ།། མཆོད་གིས་སྦྱང་མོ་འབུམ་འབུམ་བྱུང་།། སྲིད་པའི་ལྷ་འདྲེ་ཀུན།། ཐུག་དམ་དུས་ལ་བབ།། ཀེའུ་རཾ་ཀེའུ་རཾ། འབུམ་བཟླས། འགྲོལ། ང་ནས་གྲོལ་ན།
123b7 འདི་བཟློས། ཏི་མ་ཏི་མ་ཁ་བྱས་ཏེ་བརྡེག། བསྐུལ་ལ་བསྟེན་པ་རྫོགས་པར་བྱའོ།། ག་མ་ར་ཐ། ཐུན་ཏེ་གྱི་ལེའུ་སྟེ་བདུན་པའོ།། ། ཁྲག་ཐུན་བརྡེག་པ་འདི་ཡིན་ཏེ།། ཐོད་པ་ནག་པོར་ལི་ག་བཞུག
iiif viewer powered by OpenSeadragon
123a - 124a