e-texts navigator
Collection
Volume
Page
Wylie

121b1 དམ་ཉམས་རྩད་ནས་གཅོད་པར་མཛད།། ནད་ཀྱི་རྒལ་པ་སྡོད་མར་གྱིས།། དམ་ཉམས་སྒྲ་ལ་ནད་ཁ་ཐོང་།། སྐུ་ལ་བུས་པའི་ཐོས་པས་བརྒྱན།། ལྕགས་ཀྱི་དྲེ་རྟ་རྐང་གསུམ་ཆི་བས།། མཚོན་གྱིས་གྲི་གུ་ལྔ་ཤར་བཏགས
121b2 ཁྲམ་མ་མང་མོ་ཕྱེར་ཤར་བཏགས།། མཚན་ན་རྒྱུ་ཞག་དམར་པོ་ལྡོག། རྒྱུ་ནི་ནམ་གྱི་གུང་ལ་རྒྱུ།། འཁོར་ནི་བདུད་མོའི་འབུམ་གྱིས་བསྐོར།། བདུད་ནི་མམ་ཕྱུག་ཀུན་གྱིས་བདུད།། མཚན་ནས་བུ་སྡུག་གྲོལ
121b3 ནས་ཤོག། མ་མ། རགྨ་ཕཊ། ཆེ་གེ་མོ་ནི་ཛ་མཱ་ར་ཡ་ནི་ཛ། སྙིང་ཁ་ར་མ་བྷྱོ་ཛ་ཛཿཆེ་ག་ཡོ་ནི་ཛ་མ་ར་ཡ་ནི་ཛ། སྙིང་ཁ་རམ་བྷྱོ་ཛ་ཛཿབྷྱོ་དཔལ་ལྡན་ནག་མོ་པ་ཏི། ཁྱོད་ཀྱི་ཁ་རླངས་སེར་པོ་བཏང་བའི་ཚེ།
121b4 བུད་མེད་གསེར་མོའི་སྤྲུལ་པ་བསམ་མི་ཁྱབ།། ནད་དང་མཁྲིས་པ་སྣ་ཚོགས་གཏོང་།། དམར་པོ་དང་སྔོན་པོ་སྨུག་པོ་དང་གོང་གིས་འདྲེ།། ཁྲག་ནད་རྒྱུ་དང་།། དབྱིགས་དུག་མིག་སྔོན་དང་།། འབྲུལ་ནད་ཤར་བ
121b5 དང་།། བལ་ནག་ཆུག་པོ་དང་། ཀར་ཐོར་ལྷོག་པ་དང་།། དེ་རྣམས་གང་དང་སྦྱར་རོ།། བྷྱོ་སྐུའི་སྤྲུལ་པ་ར་མ་ཏི།། འཇིག་རྟེན་ཁམས་ཀྱི་དཔལ་མོ་བཙན།། བཞུགས་ནི་ནམཁའི་དཀྱིལ་ན་བཞུགས། རྒྱུ་བ་ཕྱོག
121b6 བཅུར་རྒྱུ་མཛད་མ།། རལ་པ་སེར་པོ་སྟོང་གསུམ་ཁེངས།། སྲིན་མོ་རོ་ཤལ་ཆེན་མོས་གཟུགས།། ཆུ་སྲིན་ཨག་ཚོགས་སེར་ནག་ལ།། མི་རུ་ཕྲེང་བ་གླང་ལ་ཀོར།། གླང་ཆེན་ཀོ་རྣོན་སྐུ་ལ་གསོལ།། གཅན་ཟན
121b7 སྟག་གི་ཤམ་ཐབས་ཅན།། གཡས་ཀྱི་ལྕགས་མདུང་དམར་པོ་འབར་བ་ཡིས།། ཉམས་པའི་དགྲལ་གདབ་པར་བྱའོ།། བྷྱོ་གསུང་ལས་སྤྲུལ་པའི་རེ་མཛ།། བར་སྣང་ཁམས་ཀྱི་བོ་དྷི་མ།། དམར་ནག་མི་སྐྲང




iiif viewer powered by OpenSeadragon

121a - 122a

Texts on this page

Gkk3.8 - 'phags ma he sdud 'bar ba'i rgyud