e-texts navigator
Collection
Volume
Page
Wylie

121a1 ཆེན་པོ་དྲི་ཞོནས།། ཁྱོད་ནི་མ་བདུད་རྒྱལ་པོ་སྟེ། ཁམས་གསུམ་སྲིད་གསུམ་ཟས་སུ་ཟ།། ཁམས་གསུམ་སྲིད་གསུམ་སྐོམ་དུ་མཐུང་།། དང་ཉམས་ཤ་ཁྲག་ཟས་སྐོམ
121a2 ཡིན།། དཔལ་གྱི་བཀའ་ལས་མ་འདའ་བར།། དམ་ཉམས་སྙིང་ནས་གྲོང་ཤིག་ཁུག། ཨཾ་གུ་ཤ་ཛཿཔཱ་ཤ་ཏཱཾ། སྤོས་ཊ་བཾ། གྷཏྟེ་ཧོ། ཏྲག་ཤ་དགྲ་བོ་ནརི་ཛཿནག་མོ་ཧ་ར་ཧུ་ར་ཆེ་གེ་མོ་ནི་ཛ་ཛཿབྷྱོ་དཔལ་ལྡན
121a3 ལྷ་མོ་རེ་མ་ཏི།། སྐྱེ་འགྲོ་ཀུན་གྱིས་སྲོག་གཅོད་མ།། གནས་ན་ཁྲག་གི་མཚོ་ལ་གནས།། མོ་ཐོད་སྤུད་པའི་མཁར་ན་བཞུགས།། སྐ་ལ་རིམ་སྡེ་ནག་པོ་གསོལ།། ཁྲག་གི་རལ་པ་ཉི་ལི་ལི།། རལ་པ་དམར་པོའི
121a4 སྐྲ་གསེབ་ནས།། ཞེ་སྡང་མེ་ཏོག་ཐ་ར་ཊ།། དཔྲལ་བའི་དབྱིངས་ནས་མིག་གཅིག་གིས།། ཁམས་མི་ཐོད་ཅིག་ཀྱང་མེད།། དགྲ་བོ་གང་ཡིན་རྟག་ལ་ཕྲོག། སྤྱན་མི་བཟློག་པའི་རྫི་མ་ལ།། ལྕགས་ཀྱི་ཚ་ཚ་སྐར
121a5 ལྟེར་འཁྲུག།། དམ་ཉམས་སྙིང་ན་མགྲོང་ཞིག་མུག། སྣ་ནི་དྲི་རྣམས་སྣོམས་བྱེད་སྟེ།། དམཉམས་དྲི་དག་ཚོར་བ་ན།། དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡང་།། སྲད་ཙམ་གྱིས་ནི་འཁོར་བར་རྒྱུག། ཞལ་ནས་ཆོས
121a6 ཆེན་གཙིགས་པ་ཡིས།། དམ་ཉམས་ཆེ་མཆེ་མ་གསོལ་བར་མཛད།། མཆེ་བཟུར་གསུམ་ཕུར་པ་འདྲེ།། དམ་ཉམས་སྲོག་རྩ་སྙིང་རྩ་ཆོད།། བྲང་ན་ནུ་མ་གཅིག་གིས་ཀྱང་། རྣལ་འབྱོར་ལོངས་ཀྱི་གསོས་མཛད་མ།
121a7 གཡས་ན་ཤ་ལང་ནག་པོ་ཡིས།། དམ་ཉམས་རྩད་ནས་གཅོད་པཊ་མཛད།། གཡོན་ན་ཏྲི་ཤུ་ལ་རྩེ་གསུམ་གྱིས།། སྲིར་གསུམ་དགྲ་བོ་ཕལ་བར་རློག། ཁྲག་གི་ལྕགས་ཀྱུ་འབ་ར་བ་ཡིས།། དཀར་ནག་ཚམས་ནས་གྲོང་ཤིག་པུས།




iiif viewer powered by OpenSeadragon

120b - 121b

Texts on this page

Gkk3.8 - 'phags ma he sdud 'bar ba'i rgyud