| | e-texts navigator
|
120a1 དགྲ་བོའི་སྙིང་མཛད། བསྟོད་བསྐུལ་མཚང་འབྲུ་གཞུང་ལྟར་རོ།། སྲོག་ལ་གཅོད་པའི་སྙིང་པོའོ། མཆེད་བཞི་ཟེར་ཡང་མ་ཡིན་སྟེ།། མ་མོ་ཀུན་གྱི་ལས་མཁན་མ།། དེ་མ་ཏི་ཞེས
120a2 བྱང་གྲག་ས། དེ་ལྕེ་མ་ངནམམམམམ།། སྐྲག་སུང་ཟུགས་ལས་སྐུབ་པ་བྱུག། མ་ད་ཀྵལས་བསྐྱེད་པ་ཡིན།། བསུམ་པོ་རྡུལས་བསྐྱེད་པ་སྟེ།། སྲིན་མོ་ཡིན་བྱེད་དུ་པས་བསྐྱེད།། མི་ཡང་དེ་ལས་ཅུར
120a3 བཏགས་པ།། གསོད་པ་མོ་དང་འགུགས་པ་མོ།། སྟོབས་བྱེད་མདུང་གསུམ་དུ་བསྟུན།། འཇུག་བྱེད་མནི་བཇུག་པ་ཡིན།། འཛུམས་བྱེད་མ་ནི་འགུགས་པ་ཡིན།། འབྲེལ་བྱེད་པ་ནྡོ་མོ་ཡིན།། གཙང་བྱེདམ
120a4 ནི་གསོད་པ་ཡིན།། གནོད་སྦྱིན་སྲིན་མོ་བཙ་ན་གསུམ་ལ།། ད་ནི་སྨྲེ་སྔགས་འདི་ལྟར་འཐོན་ཏེ།། ཧཱུཾ་མ་སྲིན་གཉེན་གྱི་མཐུ་མོ་ཆེ།། དབྱིངས་ལས་བསྐྱེད་པའི་མ་མོ་ནི།། ཨེ་མོ་ཀུན་གྱི་གཙོ་མོ་ཏེ།། དསལ
120a5 གནས་པའི་སྲིན་མོ་ཡིན།། ཡིད་ལ་གཞུང་པའི་གྲོག་མོ་ཡིན།། ལུས་ལ་བསྐྱེད་པའི་བུ་མོ་ཡིན།། བདུད་ཙི་སྒྲུབ་པའི་རྒྱལ་མོ་ཡིན།། ཕུར་བུ་བསྒྲུབོ་པའི་བློན་མོ་ཡིན།། ལས་ལག་ཤིབ་པའི་བྲན་མོ་ཡིན།།
120a6 མ་མོ་མཐུན་གྱི་བདག་མོ་ཡིན།། དམ་ཚིག་ཅན་གྱི་བསྐུལ་བའི་ཚེ།། འགྲོ་བའི་ཚེ་སྲོག་སྲིད་གསུམ་འཁྱིམ།། ད་ནི་ནམ་གྱི་གུང་ལ་བབ།། ང་ནི་ཆུ་བིའི་གཞུང་ལ་བབ།། དགྲ་སྲོག་ཁོག་ནས་བྱུང་ལ་ཤོག
120a7 སྲིད་ཆེན་མོ་མཐུ་མོ་ཆེ།། དམག་དཔུང་བསྐྱེད་ལ་བདུདེ་དཔུང་ཆོམ།། རུ་ཚོན་ཕྱར་ལ་བགེགས་དཔུང་ཆོམ།། དམ་ལ་གནས་པའི་མ་སྲིན་ཚོགས།། མིང་པོ་རྡོ་རྗེ་འདག་འབོར་ཚེ།། བདུད་རྩི་སྨན་གྱིས་གཡབ་འདོར་ན།།
iiif viewer powered by OpenSeadragon
119b - 120b