| | e-texts navigator
|
119a1 དགའ་བར་བྱེད་པའི་རྒྱུད་ལས།། དགའ་བར་བྱེད་པའི་ཚལ་ཕུན་སུམ་ཚོགས་པ་ཞེས་བྱ་བའི་ལེའུ་སྟེ་གཉིས་པའོ།། ། དམར་ནགས་དང་དུར་ཁྲོད་དང་།། མདོར་ན
119a2 ། ཉམས་དགའ་དབེན་པའི་གནས།། དེ་སོང་བསོད་ནམས་ཚོགས་བསགས་སྟེ།། ཕྱི་དང་བཤགས་པ་གཞུང་དུ་སྟེགས།། མཎྜལ་བྱི་དོར་ལེགས་བྱས་ལ།། ཐིག་དང་ཆག་ཆ་ག་ལ་སོགས་པ།། སྤྱིའི་ལས་ཀུན་འང
119a3 པར་བྱའོ།། མཐིང་ནག་གྲུ་གསུམ་བྱ་བ་ཡིས།། ཟུར་ལ་ལོག་གཏང་ཐོད་པའི་རོ།། ཕྱི་མཐར་མེ་རིས་བཅས་པར་བྲིས།། དབུས་སུ་ནག་མོར་མ་ཏི།། དེ་མཐའ་གསུམ་དུ་རེ་མ་ཏིའི།། སྤྲུལ་པ་སྒོ་གསུམ་ཐུགས་ཀྱིའོ།།
119a4 དེ་མཐའ་ནག་མོ་འབུམ་གྱི་འཁོར།། ཕུར་པ་གསུམ་དང་དབུས་བཞི།། དེ་མཐར་འཁོར་གྱིས་མ་མོ་དགོད།། སྙིང་པོ་བྲིས་ཤིང་གདགས་པར་བྱའོ།། བྱ་ལུག་ཐུགས་དམ་པ་སྐང་རྟེན་བཞག། གཏོར་མ་ཤ་ཁྲག་སྤྱི
119a5 གཞུག་བསྟེག། ར་ཁྱི་མི་རྟ་བཞིའི་སྙིང་བཞག། དཔལ་གཏོར་རྟེན་ནི་བཙས་ལ་བཞག། ནང་ནུབ་ཉིན་མཚན་བཞི་ལ་བཞག། འཛ་བ་དང་སྙིང་པོ་རྒྱུན་ཏུ་ག་ཏཱང་།། བསྟོད་བསྐུལ་ལ་སོགས་ཐང་རེ་བྱ།། དེ་ལྟར་རྟག
119a6 ཏུ་བྱས་པ་དང་།། རྣལ་འབྱོར་པ་དེ་གཙང་བ་དང་།། ལྷ་མོ་ཉིད་ཀྱང་དཀར་མོར་བྱོན།། འབྲིང་ནི་དམར་ལ་ཐ་མ་གནག། གང་ལྟར་བྱས་ཀྱང་འབྱིན་པར་ངེས།། འབྲིང་དང་ཐ་མ་པ་ཤོགས་ཤིང་བསྐང་།། ཏིང་འཛིན་གང
119a7 མོས་ལྷ་གསལ་གཅེས།། གང་གསལ་བསྒོམ་པའི་ཐུགས་ཁ་ནས།། ཉི་མའི་གདན་གནས་ཀྵཾ་འཕྲོ་འདུས།། ལྷ་མོ་ཉིད་ཀྱི་སྐུ་བསྐྱེད་པའོ།། ཏདྱ་ཐཱ། ཏྲག་ཤག་གྲ་རུ་ནན། ཨུག་སྟི་བཾ་མ་མཱ་རུ་རུ་ཛ་ཛ་རུ་ལུ་རུ་ལུ་བྷྱོ
iiif viewer powered by OpenSeadragon
118b - 119b