e-texts navigator
Collection
Volume
Page
Wylie

118b1 6དང་དུས།། མི་ཤེས་ལས་རྣམས་བརྩོན་པ་ནི།། ཧེ་སྡུད་མ་འོངས་དུས་རྣམས་སུ།། མིག་གིས་མཐོང་བའི་སྦྱོར་ལམ་དང་།། དེ་བཞིན་ཤེས་རབ་དབང་པོས་ཀྱང་།། གསལ་ཞིང་མཐོང་བའི་མན་ངག་བྲལ།། བརྟག་པའི
118b2 སྒོ་གསུམ་མཛེས་པས་ཀྱང་།། ཇི་བཞིན་མྱོང་བའི་སྟོབས་མེད་པར།། ཐོས་འཚམ་དག་ལ་སྟོན་པ་དང་།། ཕྱོགས་གཅིག་པ་ལ་མོས་པ་ཡིས།། ཧེ་སྡུད་དགའ་བ་མ་ཡིན་པས།། འཁོར་རྣམས་ཀྱིས་ཀྱང་གནོད་པར་སྟོན།།
118b3 ལོ་ཏོག་རྣམས་ལ་དུས་མེད་པར།། བཅུ་དང་ཁ་དོག་གསང་པ་ལྟར།། ཐམས་ཅད་ཉམས་པར་གྱུར་པ་སྟེ།། དེ་དག་དུས་ལ་ཁུངས་འབྱིན་ནོ།། དཔེར་ན་ཁ་ཟས་རོ་མཆོག་ནི།། དུ་མའི་ནང་དུ་ཅུང་ཟད་དག། ཆུང་ཡང་ཐམས
118b4 ཅད་ཕུང་བ་ལྟར།། སྦྱོར་བ་ཉམས་པ་གཅིག་གིས་ཀྱང་།། དངོས་པོ་མང་པོ་བརླག་པར་འགྱུར།། ལས་མཐུན་མང་པོས་དཔག་ཏུ་མེད། མཚན་རྣམས་རྫོགས་པའི་ཏིང་ངེ་འཛིན་ནི།། གང་གིས་མཚན་གྱིས་བསྡུས་པའི་ལས།། དེ
118b5 ངག་རྣམ་པ་འདིར་བཤད་བྱ།། ལྷ་མོ་ཞེས་བྱའི་མཚན་ཉིད་ནི།། དུས་གསུམ་ཀུན་ཏུ་ཞི་བའི་མཚན།། དཔལ་ཆེན་མོ་ཞེས་བྱ་བ་ནི།། དུས་གསུམ་ཀུན་ཏུ་རྒྱས་པའི་མཚན།། ཆེ་མོར་གྲགས་པའི་ཨ་ཚན་གྲགས་པ།། ཡོན
118b6 ཏན་སྤྲུལ་པ་གསང་བའི་མིང་།། བྱིན་རླབས་དབང་བསྐུར་སྨོན་ལམ་མོ།། དགའ་བར་བྱེད་པའི་སྦྱོར་བས་ནི།། གང་གིས་ཕུན་སུམ་ཚོགས་པ་རྣམས།། དུམ་པའི་ནང་གི་ལག་པ་དང་།། དཔག་བསམ་ཤིང་ལ་འཕྲེང་བ་བ#
118b7 ལག་ནི་རིན་ཆེན་ལྟ་བུ་སྟེ།། ཉི་མ་སྤྲིན་ལས་བྱུང་བ་བཞིན།། གང་གིས་ཧེ་སྡང་དགའ་མི་བྱེད། ཅུང་ཟད་ཡོན་ཏན་སྲིད་པ་ཡང་།། དུས་ཀྱི་སེམས་ཅན་ཇི་བཞིན་དུ།། སྲོག་དང་འབྱོར་པ་དེ་བཞིན་ནོ།། འཕགས་མ་ཧེ་སྡུད




iiif viewer powered by OpenSeadragon

118a - 119a

Texts on this page

Gkk3.8 - 'phags ma he sdud 'bar ba'i rgyud