| | e-texts navigator
|
118a1 #བྱང་ཆུབ་ཀྱི་དམིགས་པའི་ལམ་དང་བྲལ་བ། མུན་སྦྲུལ་དང་བསླུ་བའི་ལས་པ་འདྲེན་དོར་གྱིས་སྟོན་པར་གྱུར་ཏོ།། དེའི་རྐྱེན་གྱིས་ཏེ་སྣད་ཀྱི་འཁོར་རབ་ཏུ་མི་སངས་པ་རྣམས་ཆེར
118a2 འཁྲུག་པར་རྔམ་པར་གྱུར། དྲག་པོའི་མཐུ་ཆེ་རབ་གྱུར། ཐེག་པ་མེད་པའི་རྫུ་འཕྲུལ་གྱི་འཇིག་རྟེན་དུ་དུས་མ་ཡིན་པའི་གནོད་པ་དུས་མ་ཡིན་པའི་རྐྱེན་གྱིས་འགྲོ་བ་ཉམས་ཐག་པར་འགྱུར་བས། སེམས་ཅན་ལ་སྙིང་རྩེ་བའི་དོན
118a3 གྱིས་ཁྱོད་དེ་ལྟ་བུ་ཞུས་པ་ལེགས་སོ་ལེགས་སོ།། དེའི་ཕྱིར་ངས་ཁྱོད་ལ་ལེགས་པར་བསྟན་གྱིས་ཉོན་ལ་ཡིད་ལ་བཟུང་ཞིག་ཞེས་གསུངས་སོ།། འཕགས་པ་ཧེ་སྡུད་ཆེན་མོ་དགའ་བར་བྱེད་པའི་རྒྱུད་ལས། གླེང་བཞིའི་ལེའུ་སྟེ་དང་པོ
118a4 འོ།། ། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་བཛིན་པ་ཆེན་པོས། ཧེ་སྣད་ཆེན་མོ་དགའ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ།། ཆོས་རྣམས་ཀུན་གྱི་རང་བཞིན་ནི།
118a5 ཅི་ཡང་མེད་པའི་ཐིག་ལེ་ལ།། འགྲོ་བ་མཐའ་དག་རྟོགས་པ་ཡིས།། རྟག་པའི་ཆོས་ནི་ཅིར་ཡང་སྣང་།། བདེ་བར་གཤེགས་པའི་ཆོས་རྣམས་ནི།། བྱིས་པ་རྣམས་ཀྱི་སྤྱོད་ཡུལ་མིན།། སོ་སོ་རང་རིག་ཏིང་ངེ་འཛིན་གྱིས
118a6 རྣམ་དག་ཆོས་སྐུ་ཐོབ་པའི་ཚེ།། འཁྲུལ་པ་ཞེས་པ་ཇི་བཞིན་དུ།། བྱང་ཆུབ་སེམས་དཔའི་ཆོ་འཕྲུལ་ནི།། ཆུ་རླུང་ན་མཁའ་སྲོགས་དང་མཚུངས།། འགྲོ་བ་རྣམས་ཀྱི་མཚན་ཉིད་ནི།། མོ་གཤམ་བུ་བཞིན་ཀུན་ཏུ་བཏག།
118a7 ཐ་མ་ཐ་མའི་དུས་རྣམས་ལ།། ཐ་མཐ་མའི་སེམས་ཅན་རྣམས།། ཐ་མ་ཐ་མའི་འབྲས་བུ་བ་ཤད།། སྲིད་པཾ་དགག་པའི་ཚད་མ་སྤང་།། ཧེ་རུ་ཀ་ཡིས་མི་སྤྱོད་དེ།། ཨུ་དུམ་ཝཱ་རའི་མེ་ཏོག་བཞིན།། ལོ་དང་ཟླ་བཞག
iiif viewer powered by OpenSeadragon
117b - 118b