| | e-texts navigator
|
117b1 པ་ཆེན་པོ་ལགས་ཕྱོགས་ནས་ལན་བརྒྱ་སྟོང་དུ་མར་བསྐོར་བ་བྱས་ནས། དམ་པའི་ཆོས་ཞུ་བའི་ཆོ་ག་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ། འདི་ཅེས་གསོལ་ཏོ།། བཅོམ་ལྡན་འདས་མ་འོངས
117b2 བའི་དུས་ན་ཧེ་སྡུད་ཆེན་མོའི་མཐུས། ཀུན་ཏུ་ཁྱབ་པ་ཞེས་བྱ་བའི་དུས་མཆིས་ཏེ་དེ། དེའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཞན་ཞིག་གིས་ནི་འདུལ་བ་ཉུང་། འཕགས་པ་ཧེ་སྡུད་ཆེན་མོའི་རྣམ
117b3 པར་སྤྲུལ་ནསའི་དུལ་བ་ནི། ཤིན་ཏུ་ཡང་མང་བར་མཆི་སྟེ། དེའི་དུས་ན་སེམས་ཅན་དག་ཧེ་སྡུད་ཆེན་མོ་ལ་ལ་ནི་ལྟ། ལ་ལས་ནི་མཐོང་། ལ་ལས་ནི་མི་མཐོང་། ལ་ལས་ནི་དག་པར་མཐོང་། ཡ་ལས་ནི་མ་དག
117b4 པར་མཐོང་། ལ་ལས་ནི་མཆོད། ལ་ལས་ནི་ཚུལ་དང་མ་ཡིན་པས་མཆོད། ཐམས་ཅད་ཚུལ་དང་མཐུན་པ་མ་ཡིན་པའི་ལས་ཀྱིས། ཧེ་སྡུད་ཀྱི་འཁོར་གཏུམ་པ་རྣམས་ཤིན་ཏུ་མི་དགའ་ཞིང་ཁྲོས་ཏེ
117b5 འཇིག་རྟེན་དུ་ཡང་དུས་མ་ཡིན་པའི་བར་ཆོད་མང་དུ་བཏང་བས་སེམས་ཅན་རྣམས་ཉམས་དམན་པར་འཆི་བའི་དུས་མཆིས་པས། དེ་དག་ལེ་ཕན་གདགས་པའི་སླད་དུ། དེ་བཞིན་གཤེགས་པ་ཐམས
117b6 ཅད་མཁྱེན་པས། ཧེ་ཆེན་མོ་འཁོར་དང་བཅས་པ་དགའ་བར་གྱུར་ན་གྲུབ་པ་ཆེན་པོ་ལགས་པས། ཧེ་སྡུད་ཆེན་མོའི་འཁོར་དང་བཅས་པ་དགའ་བ་བགྱི་བའི་དོན་བསྟན་དུ་གསོལ། ཞེས་གསོལ་བ་བཏབ་པོ།། །
117b7 དེ་ནས་དཔལ་རྡོ་རྗེ་འཛིན་པ་ཆེན་པོས་འདི་སྐད་གསུངས་སོ།། ནག་པོ་ཆེན་པོ་དེ་དེ་བཞིན་ནོ།། དེང་བཞིན་ཏེ། མ་འོངས་པའི་དུས་ན་ཧེ་སྡང་ཆེན་མོ་དགའ་བ་མ་ཡིན་པ་ལས། སེམས་ཅན་རྣམ
iiif viewer powered by OpenSeadragon
117a - 118a