e-texts navigator
Collection
Volume
Page
Wylie

117a1 རྫོགས་སོ།། དེ་བཙནྡྲ་ལཱ་བཻ་རོས་ནུས།། @#། རྒྱུ་གར་སྐད་དུ། ཨ་རྱ་རེ་མ་ཏི་མཧཱ་ཨ་ནནྱཱ་ཏཱནྣ་ཏྲ། བོད་སྐད་དུ། འཕགས་པ་ཏེ་བསྤྱད་འབར་མའི་རྒྱུད
117a2 ཅེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ། དེ་བཞིན་གཤེགས་པ་སྲས་དང་འཁོར་དུ་བཅས་པ
117a3 ཤེས་རབ་མའི་དབྱིངས་བྷ་ག་རྣམ་པར་དག་པའི་མཁའ་ལ་བཞུགས་སོ།། གཞན་ཡང་རྣལ་འབྱོར་དང་རྣལ་འབྱོར་མའི་ཚོགས་རབ་ཏུ་མང་པོ་དང་། རྣམ་པར་རོལ་ཅིང་བཞུགས་པ་འདི་ལྟ་སྟེ། རྣལ་འབྱོར་མ་ཧེ་སྡད་ཆེན་མོ་དང་།།
117a4 16རྣལ་འབྱོར་མ་དྲི་ཟའི་རྗེ་མོ་དང་།། རྣལ་འབྱོར་མ་གཤིན་རྗེའི་རྗེ་མོ་དང་།། རྣལ་འབྱོར་མ་གནོད་སྦྱིན་གྱི་རྗེ་མོ་དང་།། རྣལ་འབྱོར་དྲང་སྲོང་གི་རྗེ་མོ་དང་།། རྣལ་འབྱོར་མ་སྲིན་མོའི་རྗེ་མོ་དང་།། རླུང་ལྷའི་རྗེ་མོ་དང་།། དབང
117a5 ལྡན་གྱི་རྗེ་མོ་དང་།། ཉི་ཟླའི་རྗེ་མོ་དང་།། ས་བདག་གི་རྗེ་མོ་དང་། རྣལ་འབྱོར་མ་དུར་ཁྲོད་ཀྱི་བདག་མོ་ལ་སོགས་པ་དང་ཐབས་ཅིག་གོ།། གཞན་ཡང་རྣལ་འབྱོར་མའི་བདགྲ་བོ་དཔལ་ནག་པོ་ཆེན་པོ་ལ་སོགས་པ་རྣལ
117a6 འབྱོར་མའི་ཚོགས་དུ་མ་དང་ཡང་ཐབས་ཅིག་ཏུ་བཞུགས་ཏེ། དེ་དག་འཁོར་གཡོགས་སོ་སོ་སྡེ་མཚན་མང་པོས་གཅིག་ཏུ་བསྐོར་ཏེ། རྣམ་པར་རོལ་ཅིང་ཡོངས་སུ་བཏིབས་ནས་བཞུགས་སོ།། དེའི་ཚེ་དེའི་དུས
117a7 ན་དཔལ་རྡོ་རྗེ་འཛིན་པ་ཆེན་པོ་ནག་པོའི་གདོང་གི་དཀྱིལ་འཁོར་ལ་རྣམ་པར་གཟིགས་སོ།། དེ་ནས་སངས་རྒྱས་ཀྱི་མཐུས་དཔལ་ནག་པོ་ཆེན་པོ་རང་གི་བསྟན་ལས་ལངས་ནས། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན




iiif viewer powered by OpenSeadragon

116b - 117b

Texts on this page

Gkk3.8 - 'phags ma he sdud 'bar ba'i rgyud
Gkk3.7 - ma mo e ka dza ti za byed spyang rgyal nag po'i rgyud