e-texts navigator
Collection
Volume
Page
Wylie

116b1 དྲག་སྔགས་གསུངས་གི་དབང་ཡང་བསྐུར།། གཉིས་མེད་གཟུངས་ཀྱི་དབང་ཡང་བསྐུར།། ཡེ་ཤེས་ཡོན་ཏན་དབང་སྐུར་ཡང་།། མཐུན་རྫས་འཕྲིན་ལས་དབང་ཡང་བསྐུར།། འབྲས་བུ་སྣ་ཚོགས
116b2 གཏོར་མས་བསྐར་།། བྱངསེམས་དཀར་དམར་སྦྱོར་བའི་དབང་།། དེ་ལྟར་དབང་རྣམས་རྫོགས་པར་བསྐུར།། དེ་རྫོགས་འཕྲིན་ལས་ཐོགས་པ་མེད།། དེ་མ་རྫོགས་པའི་རྣལ་འབྱོར་པས།། མ་མོ་སྒྲུབས
116b3 ཀྱང་འགྲུབ་མི་འགྱུར།། ཅེས་གསུངས་སོ།། ཟ་བྱེད་སྦྱང་རྒྱལ་ནག་མོའི་རྒྱུད་ལས།། དབང་བསྐུར་བའི་ལེའུའི་སྐབས་སྟེ་སོ་གཅིག་པའོ།། ། དེ་ནས་དཔལ་ལྡན་རང་བྱུང་རྒྱལ
116b4 མོ་དེས།། འདི་སྐད་ཅེས་གསོལ་ཏོ།། ཧེ་ང་ནི་དུས་གསུམ་ཐམས་ཅད་དུ།། ངའི་ཐུགས་རྗེ་རྒྱན་མི་འཆད།། ང་ནི་བདེ་གཤེགས་སྦྱོར་སྡེ་མོ།། དམ་ཚིག་ཅན་གྱི་དགྲ་འདུལ་མ།། ང་ནི་རྣལ་འབྱོར་སྒྲུབ་སྡེ་མོ།། དམ་ཚིག
116b5 ཉམས་པའི་སྲོག་གཤེད་མོ།། ང་ནི་རང་བྱུང་རྒྱལ་མོ་སྟེ།། ང་ནི་ང་ལས་བྱུང་བ་ཡིན།། ཐམས་ཅད་དུའི་སྤྲུལ་པ་ཡིན།། དཀར་མོ་སྐུའི་སྤྲུལ་པ་ཡིན།། སྨྲབ་མོ་གསུང་གི་སྤྲུལ་པ་ཡིན།། ནག་མོ་ཐུགས་ཀྱི་སྤྲུལ་པ
116b6 ཡིན།། སེར་མོ་ཡོན་ཏན་སྤྲུལ་པ་ཡིན།། དམར་མོ་འཕྲིན་ལས་སྤྲུལ་པ་ཡིན།། དེ་དག་ཐམས་ཅད་ང་ཡིན།། ངའི་སྤྲུལ་པ་བསམ་མི་ཁྱབ།། དེའི་མིང་ནི་ཅིར་ཡང་གྲགས།། ངའི་འཕྲིན་ལས་ཐམས་ཅད་བྱེད།། ཀུན་གྱི
116b7 རྩ་བ་བཅོད་འདོད་ན།། ཐམས་ཅད་ང་ཡིན་པ་ཉིད་ལྟོས།། ང་ཉིད་ཡོངས་སུ་བཟུང་བར་གྱིས།། ཞེས་ཟེར་ཏེ་མི་སྣང་བ་མ་གྱུར་ཏོ།། ཡོངས་སུ་གཏང་བའི་སྐས་སྟེ་སོ་གཉིས་པའོ།། ། སྙིང་པོར་གྱུར་པའི་རྒྱུད




iiif viewer powered by OpenSeadragon

116a - 117a

Texts on this page

Gkk3.7 - ma mo e ka dza ti za byed spyang rgyal nag po'i rgyud