e-texts navigator
Collection
Volume
Page
Wylie

49b1 ཅིགཿཕྱི་མའི་དུས་ཀྱི་ཚེ་དག་ནཿངའི་བསྟན་པའི་ཚུལ་འདི་ལཿམེས་དང་མི་མོས་འདུལ་མི་འདུལཿཐ་དད་སོ་སོར་འབྱུང་གྱུར་སྟེཿགསང་ཞིང་བསྟན་པའི་ཚུལ་དེ་ཉིདཿ
49b2 སྐད་ཅིག་དུས་ལ་རིགས་པར་གྱིསཿཞེས་གསུངས་ནསཿལོངས་སྤྱོད་རྫོགས་པ་སྐུའི་དཀྱིལ་འཁོར་ཆེན་པོ་ཡོངས་སུ་སྦྱོར་བ་དང་། བཅས་པ་དེ་དག་འོད་ཟེར་གྱི་ཀྱེ་བ
49b3 ཆེན་པོ་དྲངས་སྟེཿརྒྱུ་འཕྲུལ་ལུས་ཀྱི་ཕྱག་རྒྱ་རབ་ཏུ་བསྟན་པའི་ཕྱིརཿམི་འབྱེད་ཀྱི་འཇིག་རྟེན་གྱི་ཁམསཿལ་སོགས་པོ་རྣམས་སུ་སྤྲུལ་པའི་སྐུ་སྣ་ཚོགས་སྣང་བར་མཛད་ནས།
49b4 སེམས་ཅན་གྱི་ཁམས་དཔག་ཏུ་མེད་པའི་དོན་གྲུབ་པར་སྣང་ངོ་\ུ0f7fས་ཆེན་པོ་ལ་རྟོགས་པའི་འཁོར་འདུས་པ་དེ་དག་ནི་ཉིད་ཀྱི་སྐུ་གསུང་ཐུགས་གསང་བའི་མཛོད་ཆེན་པོར་བཞུགས
49b5 ནསཿན་མཁའི་ཁམས་ལྟ་བུའི་དབྱིངས་ན་འཚོ་ཞིང་བཞེས་པ་ལ་རིགས་པ་ཆེན་པོ་ལ་སོགས་པའི་འཁོར་རྣམས་ཡིད་རང་ཏི་མངོན་པར་སྟོད་དོ། ཚངས་པ་ལ་སོགས་པའི
49b6 འཁོར་རྣམས་ཀྱང་\ུ0f7fབྱང་ཆུབ་སེམས་དཔའ་འཇམ་དཔལ་དང་སའི་སྙིང་པོ་ལ་སོགས་པ་རང་རང་གི་རིགས་ཀྱི་སྟོན་པ་དག་ལ་དུས་དེ་ཉིད་དུཿདགའ་ཞིང་རྗེས་སུ་ཡིད་རང་བའི
49b7 ཚིག་གིས་སྔོན་པར་རབ་ཏུ་སྟོད་ཅིག་འདུག་གོཿབཅོམ་ལྡན་འདས་ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ལསཿདམ་ཚིག་གི་ཡན་ལག་གི་ཡོན་ཏན་རྗེས་སུ་བསྟན་ཅིང་སྔམས་པའི




iiif viewer powered by OpenSeadragon

49a - 50a

Texts on this page

Gkk2.2 - bcom ldan 'das dpal che mchog 'dus pa rtsa ba'i rgyud