| | e-texts navigator
|
49a1 ནཾ། \ུ0f7fལས་ཐ་རཿགཞན་ལ་ཕན་པ་སྒྲུབ་ལ་སོགསཿཡོན་ཏན་ཆེན་པོ་དཔག་མེད་ཐོབཿདེ་བས་རྣལ་འབྱོར་ཆེ་རྣམས་ཀྱི་སཿང་དང་སངས་རྒྱས་ཐམས་ཅད་ཀྱི
49a2 གསུང་བཞིན་མྱུར་དུ་འབད་པས་སྦུབསཿཀུན་བཟང་ང་དང་རིགས་ལྔ་ཡིསཿབསྡུས་པའི་སངས་རྒྱས་ཐམས་ཅད་ཀྱིསཿབཀའ་འདི་འཇམ་དཔལ་སྔོན་པོ་ཡིསཿཚང་དང
49a3 འཇོག་པོ་ལི་ཆ་བྱིནཿདྲང་སྲོང་བྲམ་ཟེ་རྗེས་གཟུང་ཕྱིར། ཇི་ལྟར་བཤད་པ་བཞིན་ལོང་ལ། དམ་པར་རྗེས་སུ་བསྒྲུབ་པར་བགྱིས། བསྟན་པ་འདི་བཞིན་གང་སྒྲུབས་པཿ
49a4 འཁྲུལ་པའི་རྣམ་རྟོགས་འཆིང་བ་ལསཿའདི་ཉིད་དུ་ནི་གྲོལ་བར་འགྱུརཿད་ལྟ་ཐུབ་པ་ཆེན་པོ་ཡིསཿའཛམ་བུའི་གླིང་གི་སའི་ཆ་རཿཚུལ་འདི་ཉིད་ཀྱིས་བསྟན་གྱུར་ཀྱང
49a5 བློ་དམན་སྐལ་བཞན་པ་ཡི་སཿགཙང་སྒྲ་དཀའ་ཐུབ་སྤྱོད་པར་རྟོགསཿསངས་རྒྱས་རྣམས་ཀྱི་བསྟན་པ་ཅིགཿགསུང་ཅིག་དག་གི་ངེས་བསྟན་ཡང་། རང་གི་རྣམ་པའི
49a6 ཚུལ་གྱི་གེཿའདི་ནི་བདག་གིས་དོན་སྤྱོད་ཞེསཿམཐུན་པའི་གདུལ་བྱ་ཁ་ཅིག་བལྟཿདེ་བས་རིགས་པ་འཛིན་པའིཿསེམས་དཔའ་ཆེན་པོ་ཁྱེད་རྣམས་ཀྱིསཿགང་ལ་གང
49a7 གིས་འདུལ་བའིཿརིགས་ཆེན་གཉེན་པོ་དེས་བཟུང་ལ། ལྷ་དང་དྲང་སྲོང་བྲམ་ཟེ་དང་། མཁན་པོ་སློབ་དཔོན་ཆ་བྱད་ཀྱིསཿནུས་པ་གང་ཡིན་དེ་ཉིད་ལཿཇི་ལྟར་འདུལ་བ་དེ་སྟན
iiif viewer powered by OpenSeadragon
48b - 49b